ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་འགོ་བཙུགས་པའི་ཏོག་དབྱིབས་གཉན་རིམས་དེ་བཞིན་ད་ཆ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད་པར་བརྟེན། ཟངས་དཀར་དགོན་ཚོགས་དང་ནང་ཚོགས་ཟུང་ནས་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟག་ཞུ་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ ཉིན་བརྟག་ཞུ་གནང་འབྲས་སུ། དད་ལྡན་ཟངས་དཀར་དགོན་ཚོགས་དང་ནང་ཚོགས་ཟུང་ནས་བརྟག་ཞུ་འབྱོར་བར། བརྟག་པ་བགྱིས་དོན། མོ་ཕྱྭར་སྐྱོན་མེད་ཤར། དགོན་པ་ཁག་ནས་བྷྱོ:བདུན་མ་དང་སེམས་ཉིད་མ་དང་། སྐྱ་བོ་རྣམས་ནས་ཡིག་དྲུག་དང་སྒྲོལ་མའི་གཟུངས་སྔགས་གང་འགྲོ་གསོག ། ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ ལ། །