ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ནད་ཡམས་ཀྱི་རྐྱེན་པས་སེམས་ངལ་དང་སེམས་འཚབ་ངང་གནས་བཞིན་པའི་བོད་མི་ཚོར་ཞལ་པར་བརྒྱུད་སེམས་འཚབ་ཇེ་ཆུང་དུ་གཏོང་ཐབས་དང་། སེམས་ནང་དངངས་འཚབ་ཆུང་དུ་གཏོང་ཐབས་ཆེད་སློབ་གསོའི་ལས་འགུལ་ཞིག་སྤེལ་གྱི་ཡོད།
ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བོད་མི་སུ་འདྲ་ཞིག་ལ་སེམས་ནང་དངངས་འཚབ་དང་ངལ་དུབ་སོགས་ཀྱི་དཀའ་ངལ་རིགས་ཡོད་ཚེ་དེ་དག་ལས་མགྱོགས་མྱུར་གྲོལ་ཆེད་གཤམ་འཁོད་ཞལ་པར་ཨང་གྲངས་ཐོག་འབྲེལ་གཏུག་གནང་རོགས།