ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ད་ཆ་འཛམ་གླིང་ཁྱོན་ལ་ཁྱབ་བརྡལ་དུ་སོང་བ་མ་ཟད། རྒྱ་གར་ནང་དུའང་ནད་པའི་གྲངས་འབོར་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གྱི་དུས་འདིར། འདི་ག་སིམ་ལར་རྟེན་གཞི་བྱས་པའི་སྔ་འགྱུར་ཐུབ་བསྟན་རྡོ་རྗེ་བྲག་དགོན་ནས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན། ནད་ཡམས་སྔོན་འགོག་ལས་གཞིར་དམིགས་ཏེ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཧིན་སྒོར་ ༡༣༠༠༠༠ ཕུལ་ཡོད་པ་བཅས། །