ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཨུཏྟར་ཁཎྜ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དགེ་ལས་དང་བགྲེས་ཕོགས་བཞེས་མཁན་བཅས་ཀྱི་ཉིན་གཅིག་གི་གླ་ཕོགས་དོད་ཧིན་སྒོར་ ༣༠༠༧༨༨ མངའ་སྡེའི་ཏོག་དབྱིབས་གཉན་རིམ་ངལ་སེལ་ཐེབས་རྩར་ཕུལ་འདུག དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༩ ཉིན་བོད་མི་བཙན་བྱོལ་བ་ཚོགས་སྒེར་ཚང་མས་གནས་ཡུལ་རྒྱལ་ཁབ་ཀྱི་ཛ་དྲག་ངལ་སེལ་ལས་གཞིར་རྒྱབ་སྐྱོར་གང་ཐུབ་ཞུ་དགོས་པའི་འབོད་སྐུལ་གནང་བ་དེར་བརྩི་བཀུར་ཞུས་པ་ཞིག་ཡིན་འདུག་པ་བཅས། །