ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ནས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེའི་ཚབ་ཞུས་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་རཱམ་ཐཱ་ཀུར་ Jai Ram Thakur མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་གཞིར་ཡི་རང་བསྔགས་བརྗོད་དང་རྒྱབ་སྐྱོར་ཞུ་སླད་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་གྲྭ་བཀྲ་ཤིས་རྣམ་རྒྱལ་ལགས་དང་བཀྲ་ཤིས་རྡོ་རྗེ་ལགས། དེ་བཞིན་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཡེ་ཤེས་ལགས་བཅས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་ཁུངས་སུ་ཆེད་བཅར་གྱིས་ཧིན་སྒོར་ ༡༠༠༥༥༥།༠༠ ཐམ་པ་ཞལ་འདེབས་ཕུལ་ཡོད་པ་མ་ཟད། ཧིན་སྒོར་འབུམ་གཅིག་འགྲོ་གྲོན་བཏང་སྟེ་བཞུགས་སྒར་རྡ་ས་སི་ངྷི་པུར་ཁུལ་གྱི་རྒྱ་གར་མི་མང་ཉམ་ཐག་རྣམས་ལའང་བཟའ་བཅའི་རིགས་སྦྱིན་གཏོང་གནང་ཡོད་པ་བཅས། །