༢༠༢༠ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ལའོ་ Lao ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁན་ཆེན་ Phra Yodkeo Maha Sangha Sudhammadhibodhi Ratana Maha Sangha Patimokkha His Holiness Maha Ngon Damrongboun མཆོག་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་མྱ་ངན་གུས་འདུད་ཞུ་དོན།
ངས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། བོད་མིའི་ནང་པ་ཡོངས་ཀྱི་ཚབ་ཞུས་ནས་ལའོ་ Lao ནང་པའི་དད་ལྡན་མི་མང་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ང་ཚོས་དམ་པ་ཁོང་གི་བསྟན་པའི་བྱ་བ་རླབས་ཆེན་བསྒྲུབས་པར་ཡི་རང་ཞུ་རྒྱུ་དང་སྦྲགས། མཆོག་གསུམ་གྱི་བྱིན་མཐུ་ལས་བསྟན་པའི་བྱ་བ་འཕྲོ་ལྷག་དེ་དག་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག
སྤྱིར་མཁན་ཆེན་དམ་པ་ཁོང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༧ ཉིན་ཡུལ་དེའི་ནང་པའི་མཐུན་ཚོགས་Lao Buddhist Fellowship Organisationཀྱི་ཚོགས་གཙོར་བསྐོ་གཞག་གནང་བ་དང་། ཚོགས་གཙོ་ལྔ་པ་ཆགས་ཡོད་འདུག དེ་ཡང་ཞིང་གཤེགས་ཁོང་ཕྱི་ལོ་ ༡༩༣༡ ཟླ་ ༢ ཚེས་ ༡༠ ཉིན་ན་ཀ་ལ་ Nakala ཞེས་པའི་གྲོང་གསེབ་ཏུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༤ ལོར་དགུང་གྲངས་ ༡༣ ཐོག་རབ་ཏུ་བྱུང་རྗེས་ཕྱི་ལོ་ ༡༩༥༡ ལོར་བསྙེན་རྫོགས་བསྒྲུབས། སྐུ་ཚེ་ཧྲིལ་པོའི་རིང་བསྙུང་གནས་ཀྱི་སྡོམ་པ་ལན་ ༦༦ བསླངས་བ་སོགས་འདུལ་བའི་ཉམས་བཞེས་ཚུལ་བཞིན་གནང་འདུག་པ་བཅས།།
གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་ཕབ་སྒྱུར་ཞུས།