ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །མངའ་གསལ་བཞིན་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་ Covid19 ནད་ཡམས་འཛམ་གླིང་ཕྱོགས་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ནས་འཕྲོད་བསྟེན་ལས་ཁུངས་བརྒྱུད་རང་རེའི་སྤྱི་ཚོགས་ནང་ནད་ཡམས་སྔོན་འགོག་སླད་ལས་གཞི་སྤེལ་དང་སྤེལ་མུས་ཡིན་ནའང་ཉིན་རེ་བཞིན་ནད་ཡམས་འདི་བཞིན་ཁྱབ་གདལ་དང་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་སྟབས། རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བོད་རིགས་སྨན་པ་དང་། སྨན་ཞབས། གཞན་ཡང་སྨན་ལས། Medical Staff ཁ་ལོ་བ་བཅས་ཡོད་རིགས་རང་རང་སོ་སོའི་ཁྱབ་ཁོངས་འཕྲོད་བསྟེན་སྨན་ཁང་ཆེ་འབྲིང་ཆུང་གསུམ་གྱི་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བའི་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༦ ། །
འབྲེལ་བ་ཞུ་ཡུལ།
འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན།
ཁ་པར་ཨང་། ༩༨༨༢༨༧༠༠༧༠
གློག་འཕྲིན་ཁ་བྱང་། [email protected]