ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་༢༠ རེས་གཟའ་ཟླ་བ།
༄༅། །ནུབ་བྷང་གྷལ་མངའ་སྡེའི་ཏོག་དབྱིབས་གཉན་རིམས་ངལ་སེལ་ལས་གཞིར་དམིགས་ཏེ་ཀ་སྦུག་བོད་མིའི་ཚོགས་པ་སྐྱིད་སྡུག་ཁག་དང་དགོན་སྡེ་ཁག་ནས་གདུང་སེམས་མཉམ་སྐྱེའི་ཞལ་འདེབས་ཕུལ་ཡོད།
དེ་ཡང་ཀ་སྦུག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་དང་ལྷན་ལས་དྲུང་ཕུར་བུ་ཚེ་རིང་ལགས། དབུས་གཙང་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་བློ་བཟང་མཁས་གྲུབ་ལགས། མདོ་སྨད་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ཆུང་བདག་ལགས་བཅས་ལྷན་བཅར་གྱིས་ཀ་སྦུག་རྫོང་དཔོན་ལྕམ་སྐུ་ཝིར་མ་ལ་ Smt. R. Vimala མཆོག་ལ་ཀ་སྦུག་བོད་མིའི་ཚོགས་པ་སྐྱིད་སྡུག་ཁག་ནས་ཏོག་དབྱིབས་གཉན་རིམས་ངལ་སེལ་ལས་གཞིའི་ཆེད་དུ་ཧིན་སྒོར་ཉིས་འབུམ་སུམ་ཁྲི་ཆིག་སྟོང་ཐམ་པ་ཞལ་འདེབས་ཕུལ་ཡོད་པ་མ་ཟད། ཀ་སྦུག་ཁུལ་དུ་རྟེན་གཞི་བྱས་པའི་ས་སྐྱ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དགོན་པ་ནས་ཧིན་སྒོར་ཁྲི་ལྔ་དང་། ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་དགོན་པ་ནས་ཧིན་སྒོར་འབུམ་གསུམ། སྲས་རྒྱུད་གྲྭ་ཚང་ནས་ཧིན་སྒོར་འབུམ་གཅིག་དང་ཁྲི་ལྔ་ཐམ་པ་ནུབ་བྷང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ལས་གཞིའི་སླད་ཞལ་འདེབས་ཕུལ་འདུག་པ་བཅས།།