ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་བཞི་པའི་མཇུག་བསྡོམས་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེ
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༤ ཕྱི་དྲོར་རྡ་ས་ནས་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་གོང་གསལ་མཛད་སྒོར་བཅར་རྒྱུ། ཕྱི་ཚེས་ ༧ ཉིན་སློབ་གྲྭ་ཁག་གསུམ་ལ་འཚམས་གཟིགས་གནང་རྒྱུ། ཕྱི་ཚེས་ ༨ ཉིན་སྦེལ་ཀོབ་ཏུ་ལྷོ་ཁུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པར་ཨིན་ཇི་བསླབ་གཞི་རྩ་འཛིན་གསར་བཟོ་གནང་བ་ངོ་སྤྲོད་ལམ་སྟོན་གནང་རྒྱུ། ཕྱི་ཚེས་ ༩ ཉིན་སྦེང་ལོར་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་ཐུག་འཕྲད་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །