ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །གཞིས་བྱེས་བོད་རིགས་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར། འཛམ་གླིང་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་པའི་ཀོ་ཝིཌ་ ༡༩ ཞེས་པའི་ནད་ཡམས་འགོག་ཐབས་སུ། སྤྱིར་བཏང་དོགས་ཟོན་ཡིད་གཟབ་བྱ་སྒོ་ཁག་དང་ཕྱི་ནང་རིམ་གྲོ་ཁག་ཅིག་སྤྱི་སྒེར་གཉིས་ཐད་ནས་སྒྲུབ་བཞིན་ཡོད་པ་མཁྱེན་གསལ་ལྟར་དང་། ཉེ་ཆར་དགུང་གསར་རྗེས་༸རྒྱལ་བའི་སྐུ་ཕྱྭ་དང་། བསྟན་སྲིད་བདེ་ཐབས། སྤྱི་མཐུན་བསོད་ནམས་གསོག་བསྐྱེད། འབྱུང་བའི་གནོད་པ་དང་གོང་གསལ་ནད་ཡམས་བཟློག་ཐབས་བཅས་ལ་བླ་ལྷའི་བཀའ་ལུང་ཁག་ཅིག་ཞུས་བསྩལ་བྱུང་ཁྲོད་ནས་རིམ་གྲོ་ཆེ་ཁག་དང་སྔགས་ཆོག་ལ་བརྟེན་དགོས་པ་རྣམས་བྱེས་ཁྲོད་རིས་མེད་དགོན་སྡེ་ཁག་ལ་འགྲེམས་འབུལ་ཞུ་བཞིན་ཡོད་ཅིང་། མང་ཚོགས་སྒེར་ངོ་སོ་སོས་སྒྲུབ་གསོག་དགོས་པའི་གཟུངས་སྔགས་ཁག་ཅིག་གཤམ་གསལ་ལྟར་ཡིན་ན། ཚང་མས་རང་དོན་རང་གཅེས་ཀྱིས་སྨིན་སྒྲུབ་གནང་གལ་ཆེ་བ་དགོངས་འཇགས་འཚལ།
༡༽ གཟུངས་སྔགས་ཡི་གེ་དྲུག་མ། ཨོཾ་མ་ཎི་པདྨེ་ཧཱུཾ།
༢༽ མཧཱ་གུ་རུའི་མཚན་སྔགས། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ
༣༽ སྒྲོལ་མའི་གཟུངས་སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།
༤༽ ལོ་མ་གྱོན་མའི་གཟུངས། ཨོཾ་པི་ཤ་ཙཱི་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱཧཱ།
༥༽ རྡོ་རྗེ་རྣམ་འཇོམས་པའི་གཟུངས། ན་མ་ཤྩཎྚ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།
༦༽ སྨན་བླའི་གཟུངས་ཐུང་། ཏདྱ་ཐ། ཨོཾ་བྷཻཥ་ཛྱེ་བྷཻཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛཱ་ས་མུངྒ་ཏེ་སྭཱཧཱ།
༧༽ ལྷ་མོའི་གཟུངས་བྷྱོཿ་བདུན་མ། བྷྱོཿ་རཀྨོ་བྷྱོཿ་རཀྨོ་བྷྱོ་བྷྱོ། རཀྨོ་ཐུན་བྷྱོ། ཁ་ལ་རག་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ།