ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༠ ཐོག་བཀའ་བློན་མཆོག་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། ཚོགས་པའི་ཚོགས་གཙོ། དགོན་པའི་སྐུ་ཚབ། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་དང་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་གཞིས་དགོན་བརྩེ་ཆེན་བསམ་གྲུབ་གླིང་དུ་གནས་མཇལ་དུ་ཕེབས་གནང་།
དེ་ནས་བཀའ་བློན་མཆོག་གིས་ལས་གཞི་ཁག་ལ་གཟིགས་ཞིབ་གནང་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་ས་གནས་ཀྱི་གནད་ཡོད་མི་སྣ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ལ་ལམ་སྟོན་དང་གྲོས་བསྡུར་གནང་ཡོད་པ་བཅས། །