ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༠ རེས་གཟའ་པ་སངས་ཉིན་ཡོ་རོབ་རྒྱལ་ཁབ་སུད་སི་ནང་ཡོད་པའི་ཏཱ་ལའི་བླ་མ་དགའ་ལྡན་ཕོ་བྲང་དགེ་རྩས་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་ཐེངས་ ༩ གསལ་བསྒྲགས་གནང་ཡོད་འདུག
སྤྱིར་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༡༡ ནས་འགོ་འཛུགས་ཀྱིས་ད་བར་བོད་མི་སློབ་ཕྲུག་ཁྱོན་མི་གྲངས་ ༡༥༠ ཙམ་ལ་ཨ་སྒོར་ས་ཡ་གཉིས་སྐོར་ཞིག་སློབ་ཡོན་གསོལ་སྩལ་གནང་ཡོད།
གཤམ་འཁོད་གསལ་བསྒྲགས་ངོ་མ་ཨིན་ཡིག་ཐོག་ཡོད་པ་དེར་གཟིགས་རོགས།