ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ ཉིན་ཆོས་རིག་བཀའ་བློན་གཡུ་ ཐོག་ཀརྨ་དགེ་ལེགས་མཆོག་བོན་གཞིས་ཌོ་ལན་ཇིར་རྟེན་གཞི་བྱས་པའི་ དཔལ་གཤེན་བསྟན་སྨན་རིའི་གླིང་ དགོན་དུ་སྐབས་ ༢༠ པའི་དགེ་བཤེས་མཚན་རྟགས་ཀྱི་མཛད་ སྒོའི་སྐུ་མགྲོན་གཙོ་བོར་ངོ་ཕེ བས་གནང་ཡོད།
དེ་ཡང་ཐོག་མར་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀའ་བློན་མཆོག་གིས་ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱ བས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ ཆེ་མཆོག་ལ་འཚམས་ཞུའི་མཇལ་ཕྱག་ཕུ ལ་བ་དང་། དེ་རྗེས་རིན་པོ་མཆོག་དང་ལྷན་སྔ་ དྲོའི་བཀའ་རམས་པ་རྣམ་པའི་བཀྲ་ཤིས་ པའི་དམ་བཅར་ལྷན་ཞུགས་གནང་ཡོད། མཛད་སྒོའི་ཐོག་དཔལ་གཤེན་བསྟན་སྨན་རིའི་གླིང་དགོ ན་གྱི་དགེ་འདུན་པ་རིམ་པས་དགེ་ བཤེས་ཀྱི་མཚན་རྟགས་བཞེས་མཁན་རྣ མས་ལ་བཀྲ་ཤིས་རྟེན་འབྲེལ་གྱི་སྨོ ན་ཚིགས་མཆོད་པ་ཕུལ་ཡོད།
ཉིན་རྒྱབ་མཛད་སྒོ་དངོས་གཞིའི་ཐོ ག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ རིན་པོ་ཆེ་མཆོག་གིས་བཀའ་རམས་པ་ བཅུ་དྲུག་ལ་དགེ་བའི་བཤེས་གཉེན་ གྱི་མཚན་གསོལ་བ་དང་སྦྲགས་དགེ་ བཤེས་ཀྱི་ཕྱག་འཁྱེར་གསོལ་སྩལ་ གནང་ཡོད།
སྐུ་མགྲོན་གཙོ་བོ་ཆོས་ རིག་བཀའ་བློན་མཆོག་གིས་ཐོག་མར་ དགེ་བཤེས་གསར་ཐོན་རྣམ་པས་གཡུང་ དྲུང་བོན་གྱི་གཞུང་ཆེན་ཁག་ལ་ གསན་བསམ་སློབ་གཉེར་མཐར་ཕྱིན་པ་ གནང་སྟེ་དེ་རིང་༧སྐྱབས་རྗེ་སྨན་ རིའི་ཁྲི་འཛིན་དྲུང་དུ་དགེ་བཤེས་ ཀྱི་མཚན་རྟགས་ཐོབ་པར་འཚམས་འདྲི་ དང་སྦྲགས་ཁོང་རྣམ་པར་གཡུང་དྲུང་ བོན་གྱི་བསྟན་པ་འཛིན་སྐྱོང་སྤེ ལ་གསུམ་དང་། སྤྱི་ཚོགས་ཞབས་ཞུ་གྲུབ་པའི་དུས་ ལ་སླེབས་ཡོད་སྟབས་ཚང་མས་རང་འཁུ ར་དང་དུ་བླངས་ཏེ་ཞབས་ཞུ་གྲུབ་ཐུ བ་པ་གནང་རྒྱུ་དང་། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱ བས་མགོན་ཆེན་པོས་དབུས་རང་རང་སོ་ སོའི་ཆོས་བརྒྱུད་ཁག་གི་བསྟན་ བདག་དབུ་ཁྲིད་བླ་ཆེན་རྣམ་པའི་ བཀའ་དང་དགོངས་པ་བཞིན་བསྟན་པའི་ བྱ་བ་གྲུབ་ཐུབ་པ་གནང་རྒྱུ་གལ་ཆེ ་ཡིན་པའི་སྐོར་སོགས་ཀྱི་གསུང་བཤད་ གནང་།
མཛད་སྒོར་ལྷན་ཞུགས་གནང་མཁན་ཆོ ས་བརྒྱུད་སྤྱི་འཐུས་དགེ་བཤེས་སྨོ ན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། བོན་གཞིས་ས་གནས་འགོ་འཛིན། ས་གནས་འཐུས་མིའི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། བོད་ཀྱི་བོན་པོ་ཚོགས་པའི་ཚོགས་གཞོན། བོན་གཞིས་སམ་བྷོ་ཊའི་སློབ་སྤྱི། དེ་བཞིན་སློབ་ཕྲུག་དང་། མི་མང་བཅས་ཕེབས་ཡོད། །