ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ ཕྱེད་ཡོལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཧར་སྦ་སྤུར་སློབ་གྲྭ་བཙུགས་ནས་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་སྟོན་མཛད་སྒོ་ཡོངས་སུ་ལེགས་གྲུབ་རྗེས། ཕྱེད་ཡོལ་དུ་ཨ་རི་དང་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག དེ་ཡང་ཝ་ཤིང་ཊོན་ས་གནས་སུ་གཞུང་འབྲེལ་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་མ་ཟད། བོད་དོན་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་དང་། དེ་བཞིན་ས་གནས་བོད་རིགས་ཐུག་འཕྲད་གནང་ནས་གཏམ་བཤད་ལས་རིམ་ཁག་གཅིག་སྤེལ་རྒྱུ་ཡིན་འདུག
དེ་རྗེས་ཁེ་ན་ཌར་རྟེན་གཞི་བྱས་པའི་ཡུ་རེག་གུན་ཁའི་སློབ་གྲྭའི་ལས་འཆར་གྱི་ཆ་ཤས་སུ་སྤྱི་མཐུན་སྲིད་གཞུང་གི་ལམ་ལུགས་དང་། འཛིན་སྐྱོང་སྐོར་གྱི་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་རྒྱུ་དང་། ལས་རིམ་གོ་སྒྲིག་གནང་མཁན་ཁེ་ན་ཌ་བོད་རིགས་མཐུན་ཚོགས་དང་རོལ་ཝེ་ལེན་བྷག་Raoul Wallenberg Organizationཚོགས་པ་ཐུན་མོང་ཡིན་འདུག ཕྱི་ཟླ་ ༣ ཚེ་ ༢ ཉིན་སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།།