ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༥ ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཧར་སྦ་སྤུར་སློབ་གྲྭ་བཙུགས་ནས་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་སྟོན་མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་འབོད་ལྟར་ཕེབས་བཅར་གནང་རྒྱུ་དང་། མཛད་སྒོ་དེ་བཞིན་ཕྱི་ཚེས་ ༧ རེས་གཟའ་པ་སངས་ཉིན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག མཛད་སྒོ་གོ་སྒྲིག་གནང་མཁན་ཧར་སྤུར་སློབ་ཟུར་མཐུན་ཚོགས་ཡིན་པ་དང་། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་མཛད་སྒོའི་སྐུ་མགྲོན་དུ་ཕེབས་རྒྱུ་ཡིན་པ་བཅས། །