ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་རྒྱལ་ལོ་ ༢༡༤ᨇ རབ་གནས་ལྕགས་བྱི་ལོའི་བོད་ཀྱི་ལོ་གསར་ཚེས་ ༣ ཉིན་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེའི་ལས་འགུལ་དང་། རྒྱ་གར་དཔོན་རིགས་རྣམས་ལ་བོད་དོན་གོ་རྟོགས། དེ་བཞིན་ཡུལ་མི་རྣམས་མཐུན་ལམ་ལེགས་པོ་ཡོང་ཆེད་སྐུ་མགྲོན་གཙོ་བོ་ཨེལ་ཨར་ཝར་མ་ Shri L R Verma, Sub Divisional Magistrate (SDM) ལགས་དང་། ཆེ་བསྟོད་སྐུ་མགྲོན་དུ་སོམ་དྷཏ་ Shri Som Dutt, Deputy Superintendent of Police (DSP) ལགས། ཀ་པིལ་ཏོ་མར་ Shri Kapil Tomar Tehsildar, Paonta Sahib ལགས་རྣམ་གཉིས།
དེ་བཞིན་རྒྱ་གར་དཔོན་རིགས་དང་ཁྱིམ་མཚེས་ཡུལ་མི་ཁག་ ༤༠ མཉམ་འཛོམས་ཐོག་བོད་ཀྱི་ལོ་གསར་ལ་རོལ་བར། མཛད་སྒོའི་ཐོག་མར་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་སྐུ་མགྲོན་རྣམས་ལ་འཚམས་འདྲི་ཞུས་པ་དང་། རྒྱ་གར་སྐུ་མགྲོན་ཁག་གཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ཡི་རངས་བསྔགས་བརྗོད་དང་ཧི་མ་ཅལ་མངའ་སྡེ་གཙོས་རྒྱ་གར་གཞུང་ལ་བཀའ་དྲིན་ཆེན་པོ་ཡིན་པ། དེ་བཞིན་བོད་མིའི་བདེ་སྡུག་ལ་སེམས་ཁུར་ཡོད་ཁར་མཐུན་རྐྱེན་རོགས་རམ་གང་ཐུབ་གནང་རྒྱུར་ཆོད་སེམས་ཡོད་པ་སོགས་ཀྱི་གཏམ་བཤད་གནང་། སྐུ་མགྲོན་རྣམས་ལ་ཕྱག་རྟགས་ཕུལ་ཏེ་ས་གནས་གཞོན་ནུ་དང་བེུད་ལྷན་ཚོགས་གཉིས་ནས་སྲོལ་རྒྱུན་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས། མཐར་སྐུ་མགྲོན་རྣམས་ལ་གསོལ་ཇ་དང་ཞལ་ཏོག་འདེགས་འབུལ་གྱིས་མཛད་སྒོ་གྲོལ་ཡོད་པ་བཅས། །