ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ ཉིན་རྒྱ་གར་དབུས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་རྒྱ་གར་གཞུང་ཞབས་ཁུངས་སུ་འཛུལ་རྒྱུའི་ཆ་རྐྱེན་ཁག་དང་ཡིག་རྒྱུགས་གཏོང་ཚེས་སོགས་གསལ་བསྒྲགས་སྤེལ་བའི་ནང་དོན་ལྟར་ན། ཕྱི་ལོ་ ༡༩༦༢ ཟླ་ ༡ ཚེས་ ༡ གོང་ནས་རྒྱ་གར་ནང་འབྱོར་ཟིན་པའི་བོད་མི་བཙན་བྱོལ་བ་དང་། འབྲུག་པ་བཙན་བྱོལ་བ། དེ་བཞིན་བལ་པོའི་བཙན་བྱོལ་བ་བཅས་ལ་རྒྱ་གར་དབུས་གཞུང་ཞབས་ཡིག་རྒྱུགས་ནང་འཛུལ་ཞུགས་ཆོག་འདུག འོན་ཀྱང་རྒྱ་གར་གཞུང་གི་འཛིན་སྐྱོང་ལས་དོན་ལྷན་ཁང་ IAS དང་། རྒྱ་གར་ཉེན་རྟོག་ལས་ཁུངས་ IPS དེ་བཞིན་ཕྱི་སྲིད་ལས་ཁུངས་ IFS བཅས་སུ་འཛུལ་ཞུགས་མི་ཆོག
དེ་ཡང་གསལ་བསྒྲགས་ལྟར་ན། གོང་གསལ་ཕྱི་མི་གསུམ་པོ་དེ་དག་རྒྱ་གར་ནང་གཏན་སྡོད་བྱ་འདོད་ཡོད་པའམ་རྒྱ་གར་གྱི་མི་སེར་ལག་འཁྱེར་ཡོད་མཁན་ཡིན་དགོས། དེ་ཡང་གཞུང་ཞབས་སྔོན་འགྲོའི་ཡིག་རྒྱུགས་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ ཉིན་གཏོང་གཏན་འཁེལ་འདུག ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣ ཕྱེད་ཡོལ་ཆུ་ཚོད་ ༦ སྔོན་ཚུད་ནང་འཚང་སྙན་འབུལ་ཟིན་པ་དགོས།
འོས་ཆོས།