ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །འདི་གར་བལ་ཡུལ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་ གསར་ཚེས་ཀྱི་དགའ་སྟོན་རྟེན་འབྱུ ང་ལ་བལ་ཡུལ་སྐུ་ཚབ་དོན་ གཅོད་ཁང་དུ་སྔར་རྒྱུན་བཞིན། ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ ཚོད་ ༧།༣༠ ནས་བལ་ཡུལ་ཀཱཋ་མཱཎ་ཌུའི་ཁུལ་བཞུ གས་མཛད་གཙོ་རྣམ་པ་དང་། རིས་མེད་དགོན་སྡེ་ཁག གཞུང་དང་གཞུང་འབྲེལ་མ་ཡི ན་པའི་ཚོགས་སྐྱིད་ཁག་གི་ཚོགས་ གཙོ་འགན་འཛིན་རྣམས་བལ་དོན་ཁང་གི ་མཆོད་ཁང་དུ་༸རྒྱལ་བའི་སྐུ་པར་ མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོ ན་འབུལ་ཞུས་རྗེས་རྟེན་འབྲེལ་གསོ ལ་ཇ་འབྲས་བསིལ་འདེགས་འབུལ་ཞུས།
དེ་རྗེས་བལ་དོན་ཁང་གི་མདུན་ཐང་ གི་དར་ཆེན་མཁའ་དབྱིངས་སུ་སྒྲེང་བཙུ གས་ཞུས་པ་དང་འབྲེལ་མཛད་བཅར་བ་རྣ མ་པ་དང་ལས་བྱེད་ཚང་འཛོམས་ཐོག་ལྷ ་རྒྱལ་འཐེན་ནས་ལོ་གསར་ཚེས་གཅིག་ གི་མཛད་སྒོ་ལེགས་པར་གྲུབ་པ་དང་། དེ་ནས་ཚེས་གསུམ་ཉིན་བལ་ཡུལ་མཆོ ད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ ཀྱི་མདུན་ཐང་དུ་སྔ་དྲོའི་ཆུ་ཚོ ད་ ༨ ཐོག་སྐུ་མགྲོན་མང་ཚོགས་འདུ་འཛོ མས་ཀྱིས་ལོ་གསར་བསངས་གསོལ་མཛད་ སྒོ་གཟབ་རྒྱས་ཞིག་ཚོགས་ཡོད།
དེ་སྐབས་སྐུ་མགྲོན་གཙོ་བོ་བསམ་ གཏན་གླིང་དགོན་པའི་མཁན་རིན་པོ་ ཆེ་དབུས་པའི་སྐྱབས་ཡུལ་དགེ་འདུ ན་པའི་སྡེ་དང་། བལ་ཡུལ་སྐུ་ཚབ་དོན་གཅོད་དང་། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུ ར་རྣམ་པ། ཨ་རི་གཙོ་བོར་གྱུར་བའི་སུད་སི་ དང་། ཨོས་ཊི་ལི་ཡ། ཧྥ་ར་སི། འཇར་མ་ནི་བཅས་གཞུང་ཚབ་ཁང་གི་གཞུ ང་ཚབ་ཆེན་པོའམ་གཞུང་ཚབ་གཞོན་པ། ཡུ་རོབ་སྤྱི་མཐུན་གྱི་བལ་ཡུལ་སྐུ ་ཚབ་དོན་གཅོད། རྒྱལ་སྤྱི་སྐྱབས་བཅོལ་ལས་ཁུངས་ ཀྱི་སྐུ་ཚབ། གཞན་གཞུང་ཚབ་ཁག་གི་ལས་བྱེད་བགྲེ ས་གཞོན་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ ཚོགས་སྐྱིད་ཁག་གི་ཚོགས་གཙོ་འགན་ འཛིན་རྣམ་པ། གཞན་མི་མང་རྒན་གཞོན་བར་གསུམ་མང་ དག་ཅིག་ཕེབས་ཡོད།
དེ་ཡང་ཐོག་མར་མཆོད་འཇོར་ས་གནས་ འགོ་འཛིན་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་རིན་པོ་ཆེ་མཆོག་གི་སྐུ་ པར་མཐོང་གྲོལ་རིན་པོ་ཆེ་མཛད་གཙོ ་རྣམ་པའི་སྤོས་སྣེ་དང་། དགེ་འདུན་པའི་དུང་རྒྱའི་གསེར་ འཕྲེང་དང་བཀྲ་ཤིས་གཞོལ་པ་སྔོན་ བསུ་གཟབ་རྒྱས་སྒོ་ནས་གདན་ཞུས་ དང་སྦྲགས་བཞུགས་ཁྲི་ཞབས་སོར་འཁོ ད་མཚམས་ཁྲུས་གསོལ་རབ་གནས་དང་འབྲེལ་མཛད་གཙོ་རྣམ་པས་༸རྒྱ ལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ ཆེར་མཎྜལ་འདེགས་འབུལ་དང་མང་ཚོ གས་ནས་མཇལ་དར་སྒྲོན་འབུལ་ཞུས།
དེ་རྗེས་བཞུགས་ཁྲིར་དབུས་པའི་སྐུ ་མགྲོན་སེར་སྐྱ་མི་མང་ཡོངས་ལ་རྟེ ན་འབྲེལ་གསོལ་ཇ་འབྲས་བསིལ་འདེ གས་འབུལ་ཞུས། དོན་གཅོད་ཀྱིས་ལོ་གསར་ འཚམས་འདྲིའི་གསུང་བཤད་གནང་བ་དང་ འབྲེལ། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ ནས་དགའ་སྟོན་གྱི་གཞས་སྣ་ཁག་གཅིག་ འཁྲབ་སྟོན་གཟིགས་འབུལ་ཞུས་མཚམས་བཀྲ་ཤིས་རྣམ་ཐར་གྱི་སྒོ་ ནས་ཀྭི་བསྭོ་ལྷ་རྒྱལ་འཐེན་ནས་ གཞུང་འབྲེལ་བསངས་གསོལ་མཛད་སྒོ་ རྒྱལ་ཁའི་ངང་མཇུག་སྒྲིལ་རྗེས་ཚོགས་ནས་དགའ་སྐྱིད་སྤྲོ ་གསུམ་སྒོ་ནས་སྲོལ་རྒྱུན་གྱི་སྒོར ་གཞས་ཀྱི་དབྱངས་སྙན་ལྷ་ངེས་འཁྲ བ་ཡོད་པ་བཅས། །