ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ ལྡན་སྲིད་སྐྱོང་བློ་བཟང་སེངྒེ་ མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱི་ དྲོ་ཆུ་ཚོད་ ༦ ཙམ་ལ་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུ ན་གནམ་ཐང་དུ་ཕེབས་འབྱོར་སྐབས་ བདེ་སྐྱིད་གླིང་བོད་མིའི་གཞིས་ ཆགས་ཀྱི་ས་གནས་འགོ་འཛིན་ནོར་བུ་ ལགས་དང་ས་འཐུས་རྣམ་པ། ཧར་པ་སྤུར་འདོད་རྒུ་གཡུ་རྒྱལ་གླི ང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚུལ་ཁྲི མས་རྡོ་རྗེ་ལགས། དེ་བཞིན་མ་སུ་རི་བོད་ཁྱིམ་སྤྱི་ ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ ཀྱིས་གཙོས་དྲུང་ཆེ་ལས་རོགས་བཅས་ནས་ཕེབས་ བསུའི་སྣེ་ལེན་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ སང་ཕྱི་ཚེས་ ༧ རེས་གཟའ་པ་སངས་ཉིན་ཧར་པ་སྤུར་ གཏན་ཉིན་སློབ་གྲྭ་དབུ་བརྙེས་ཏེ་ ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་སྟོན་མཛད་ སྒོའི་ཐོག་སྐུ་མགྲོན་གཙོ་བོར་མགྲོ ན་འབོད་ལྟར་ཆེད་ཕེབས་གནང་རྒྱུ་ ཡིན།
སྤྱིར་ཧར་པ་སྤུར་སློབ་གྲྭ་ནི་ཕྱི ་ལོ་ ༡༩༧༠ ཟླ་ ༧ ཚེས་ ༡ ཉིན་ཅག་ར་ཏ་ chakrata དང་སློབ་དམག་སྒར་སློབ་གྲྭ་ SFF Children School ཞེས་པའི་མཚན་བྱང་འོག་ཐོག་མར་འགོ་ བཙུགས་གནང་ཡོད། ཕྱིས་སུ་ཕྱི་ལོ་ ༡༩༨༠ ཟླ་ ༧ ཚེས་ ༡ ཉིན་ཧར་པ་སྤུར་ས་གནས་སུ་གནས་སྤོ ས་ཀྱིས་ཧར་པར་སྤུར་གཏན་ཉིན་སློ བ་གྲྭ་ཞེས་འབོད་ཀྱི་ཡོད། སྐབས་དེར་སློབ་ཕྲུག་ཁྱོན་ ༣༠༠་་་ ་་༤༠༠ ཙམ་ཡོད་འདུག་ཀྱང་ད་ཆ་སློབ་ཕྲུག་ཁྱོན་བསྡོམས་ ༤༧༠ ཡོད་འདུག ཐེངས་འདིའི་དུས་སྟོན་མཛད་སྒོའི་ ཐོག་མཐུན་འགྱུར་གནང་མཁན་ཧར་པ་སྤུ ར་གཏན་ཉིན་སློབ་གྲྭའི་སློབ་ཟུར་ དང་དམག་སྒར་བཅས་ཡིན་འདུག་པ་བཅས། །