ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ཀྲུ་ཀྲིང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ཆོས་སྐྱོང་མགོན་པོ་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༥ ཉིན་ཀྲུ་ཀྲིང་ས་གནས་འཐུས་ཚོགས་སྐབས་ ༤ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༧ ནས་ཚོགས་མི་ ༦ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་སངས་རྒྱས་དོན་གྲུབ་ལགས་དང་། ཚོགས་གཞོན་འཆི་མེད་རྡོ་རྗེ་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །