ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ ནས་ཚེས་ ༢༨ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་། མོན་གྷོ་དང་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་ཁུལ་གྱི་གཏན་ཉིན་སློབ་གྲྭར་འཚམས་གཟིགས་གནང་རྒྱུ། ཕྱི་ཚེས་ ༢༩ ནས་ཟླ་ ༢ ཚེས་ ༡༠ བར་ཁེ་ན་ཌར་ཡོད་པའི་ Simon Fraser གཙུག་ལག་སློབ་གཉེར་ཁང་གི་ India Teacher Education Module (ITEM) ཞེས་པའི་ལས་འཆར་དེ་འགོ་འཛུགས་གནང་ནས་ད་བར་ལོ་ངོ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོར་སྐུ་མགྲོན་དུ་མགྲོན་འབོད་ལྟར་མཉམ་ཞུགས་གནང་རྒྱུ་དང་། དེ་ནས་ཝེན་ཁུ་ཝར་ Vancouver ཁུལ་བོད་རིགས་མི་མང་ཐུག་འཕྲད་དང་། Shawnigan Lake སློབ་གྲྭར་གཟིགས་སྐོར་གནང་རྒྱུ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་