ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅།ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༨ ཉིན་དཔལ་ལྡན་བཀའ་ཤག་ནས་ཨོ་གླིང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་བསྩལ་དོན་ལྟར་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ ཉིན་ནས་ལས་ཁུར་འགོ་འཛུགས་གནང་དགོས་པ་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་འདུག
དེ་ཡང་ཨོ་གླིང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ནི་ཕ་བཀྲ་ཤིས་དང་མ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༥༨ ཟླ་ ༣ ཚེས་ ༡༠ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༩༨༢ ཟླ་ ༢ ཚེས་ ༡༠ ཉིན་གནས་བརྒྱད་པའི་ཚོད་ལྟའི་ཐོག་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་རྒན་དྲུང་དང་། ཕྱི་ལོ་ ༡༩༨༢ ཟླ་ ༥ ཚེས་ ༢༩ གནས་རང་འཇགས་ཐོག་བཀའ་ཡིག་དུ་གནས་སྤོས། ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༡ གནས་བརྒྱད་པ་རྒན་དྲུང་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༨༤ ཟླ་ ༨ ཚེས ༡ ཤར་ཨེ་ཤི་ཡའི་བོད་ཀྱི་དོན་གཅོད་ཁང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ དྲུང་གཞོན་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༢༨ སྲི་ཞུའི་ལས་བྱེད་ལོ་རྒྱུས་འགེངས་ཤོག
ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༢༨ ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡ ཉི་ཧོང་དང་ཤར་ཨེ་ཤི་ཡའི་དོན་ཁང་གི་ཟུང་དྲུང་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༠༢ ཟླ་ ༥ ཚེས་ ༢༢ ལྡི་ལི་དོན་གཅོད་ཀྱི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༣ དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༡༣ ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་རང་འཇགས། ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༣༠གནས་སྐབས་རིང་ལྡི་ལི་དོན་གཅོད་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༡ ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་བསྐོ་གཞག་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢ དྲུང་ཡིག་ཚེན་མོར་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༤ ཤར་ཨེ་ཤེ་ཡའི་སྐུ་ཚབ་དོན་གཅོད་རང་འཇགས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡ ཉིན། ༢༠༡༡།༠༦།༠༡ ནས་ལོ་ ༢ རིང་ཤར་ཨེ་ཤི་ཡའི་དོན་གཅོད་གི་ལས་འགན་ཕར་འགྱངས། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༩ ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༥ ཨོ་སི་ཀྲོ་ལི་ཡའི་དོན་གཅོད་ཀྱི་ལས་འགན་རྩིས་བཞེས་གནང་སྟེ་ད་བར་དོན་གཅོད་ཀྱི་ལས་འཁུར་གནང་མུས་ཡིན་པ་བཅས། །