ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་ཕྱི་དྲིལ་ཨིན་ཡིག་དྲ་རྒྱ་ཚན་པའི་ Tibet.net གསར་འགོད་པ་ Reporter དང་། ཨིན་ཡིག་དྲ་རྒྱའི་སྟེང་ཉིན་རེའི་གསར་འགྱུར་འདོན་སྤེལ་གཅིག་ལྕོག་ཆེད་ཁྱད་ལས་པ་སྡེ་འགན་ ༡ ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ཕྱི་དྲིལ་ལས་ཁུངས་སུ་ཁྱད་ལས་པ་སྡེ་འགན་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ལས་འགན། ཕྱི་དྲིལ་ཨིན་ཡིག་དྲ་རྒྱ་ཚན་པའི་གསར་འགོད་ཁྱད་ལས་པའི་ལས་འགན་སྟེང་ཉིན་རེའི་གསར་འགྱུར་འདོན་སྤེལ་དང་། གསར་འགྱུར་མཁོ་སྒྲུབ་ཆེད་ཕྱོགས་བསྐྱོད་ཞུ་རྒྱུ། ཚན་པའི་འགན་འཛིན་ལས་རོགས་ཀྱི་ལས་འགན་ཐོག་འགན་འཛིན་མ་བཞུགས་པའི་སྐབས་ཚན་པའི་འགན་འཛིན་གྱི་ལས་འཁུར་། ཨིན་ཡིག་གསར་ཤོག Tibetan Bulletin གི་མཐའ་མའི་རྩོམ་སྒྲིག་ཞུ་དག་ཞུ་རྒྱུ་བཅས་ཀྱི་འགན་འཁུར།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་གཙུག་ལག་རབ་འབྱམས་པ་ MA (Mass Communication) ཐོན་པའི་ལག་འཁྱེར་ཡོད་པ་དགོས།
༣༽ ལོ་ཚད། ༢༠༢༠།༠༣།༠༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། སྤྱིར་ཁྱད་ལས་པར་ངག་རྒྱུགས་ལས་མེད་ཀྱང། འབྲེལ་ཡོད་ལས་ཁུངས་ཀྱི་དགོས་མཁོའི་ཆ་རྐྱེན་ལ་གཞིགས་ཏེ་ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཐོག ཨིན་ཡིག་གི་རྩོམ་ཡིག་འབྲི་རྒྱུགས་ལེན་རྒྱུ།
གོང་གསལ་ས་མིག་ཆེད་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ www.tibet.net ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང། one passport & one stamp size
༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། གོང་གསལ་དགོས་མཁོའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ Marks Card & Degree Certificate བཅས་ཀྱི་ངོ་བཤུས།
༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ Birth Certificate/Class-X Certificate ལག་འཁྱེར་གྱི་ངོ་བཤུས།
༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ MC ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༦༽ རང་ཉིད་གཏན་སྟོད་བྱ་ཡུལ་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ Character Certificate ངོ་མ།
༧༽ གལ་སྲིད་སྤྱི་སྒེར་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་(No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཚང་མར་ འབྲེལ་ཡོད་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན། ཡང་ན། ཟུང་དྲུང་གནས་རིམ་ཡན་གྱི་ལས་བྱེད་གང་རུང་ཞིག་ནས་ ཞིབ་འཇུག་གིས་དག་མཆན་མཚན་རྟགས་དང། ལས་དམ་ངེས་པར་འཁོད་ Attestation ཏེ་འབུལ་དགོས། ཕྱི་ལོ་ ༢༠༢༠ ཟླ ༠༣ ཚེས་ ༠༣ ཉིན་རྒྱབ་ཚོུད་ ༤ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང། ཁ་པར་ཨང། གློག་འཕྲིན་ E-Mail སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་ཁོངས་འོས་ཆོས་ལྡན་རིགས་རྣམས་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༠ ཟླ་ ༠༡ ཚེས་ ༡༤ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
Mobile: 7018945877 & 9650219687
E-mail:[email protected]