༢༠༢༠ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར།
༄༅། །རྒྱ་གར་གྱི་མཚོ་གྲུ་དང་རྫས་སྦྱོར། རྫས་ལུད་བློན་ཆེན་སྐུ་ཞབས་མན་ཀུ་ཤི་མནྜཱ་ཝི་ཡ་ Hon Mansukh L. Mandaviya མཆོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཏུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དེ་བཞིན་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ཀྱིས་བློན་ཆེན་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད།
བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། བོད་མིའི་འཐབ་རྩོད། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ངོ་སྤྲོད་གནང་བར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་འདུག་པ་བཅས།།
པར་པ། བསྟན་འཛིན་ཕན་བདེ་ལགས།