ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༧ ཉིན་ར་སྦང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ཡང་བཀའ་བློན་མཆོག་གིས་ས་གནས་མི་མང་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་ཆེད་དུ་ལས་འཆར་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སློབ་ཡོན་སོགས་ཀྱི་སྐོར་ཤེས་རྟོགས་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་དྲ་ཚིགས་ལྟ་ཀློག་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས།
བཀའ་བློན་མཆོག་གིས་ཕྱི་ཚེ་ ༢༨ ཉིན་སོ་ན་མདའ་བོད་མིའི་གཞིས་ཆགས་དང་། ས་གནས་འགོ་འཛིན་ལས་ཁུངས། མཉམ་འབྲེལ་ལས་ཁུངས་བཅས་ཀྱི་ནང་གཟིགས་སྐོར་དུ་ཕེབས་ཏེ་ས་གནས་བོད་མི་ཚོ་དང་ལྷན་ལས་འཆར་སོགས་ཀྱི་སྐོར་བཀའ་མོལ་ལྷུག་པོར་གནང་བ་དང་། ཕྱི་ཚེས་ ༢༩ ཉིན་བཀའ་བློན་མཆོག་རྒྱ་གར་གྱི་ནུབ་བྷང་གལ་མངའ་སྡེའི་West Bengal ས་ལུ་སྒ་ར་Salugara ནང་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་ལྕགས་པོ་རི་བོད་ཀྱི་སྨན་རྩིས་སློབ་གཉེར་ཁང་བཅས་ཀྱི་ནང་འཚམས་གཟིགས་སུ་ཕེབས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་ཐུག་འཕྲད་གནང་བ་མ་ཟད། མ་འོངས་པར་སློབ་ཕྲུག་རྣམས་ནས་སོ་སོའི་ཤེས་ཡོན་བེད་སྤྱོད་བཏང་སྟེ་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་དགོས་པ་སོགས་ཀྱི་སྐོར་གསུངས།།