ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །བྱང་ཨ་རི་དོན་ཁང་ནས་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཕྲུག་ཚོར་ཐུག་འཕྲད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག
སྐབས་དེར་ཨ་རི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དོན་ཁང་གི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་བ་དང་། སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་བ་བསྟུན་སློབ་ཕྲུག་ངོས་ནས་སློབ་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཧུར་བརྩོན་བྱེད་དགོས་སྐོར་དང་། ཕྱོགས་མཚུངས་རྒྱ་རིགས་སློབ་ཕྲུག་དང་ལྷན་དུ་འབྲེལ་བ་བྱེད་དགོས་སྐོར་གསུངས།
སྤྱིར་ཨ་རིའི་བོད་མིའི་སློབ་ཡོན་ལས་འཆར་འདི་ཉིད་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ནང་གསེས་ཤེས་ཡོན་དང་རིག་གཞུང་སྡེ་ཚན་གྱི་རོགས་སྐྱོར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། བོད་ཀྱི་ཐེབས་རྩ་གཉིས་ཀྱི་སྟངས་འཛིན་འོག་བཙན་བྱོལ་བོད་མི་སློབ་ཕྲུག་རྣམས་ལ་ཨ་རི་ནང་གི་མཐོ་སློབ་ཆེ་ཁག་ཏུ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་སླད་འདེམས་སྒྲུག་གནང་གི་ཡོད་པ་བཅས། །