ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་ནས་འོག་འཛུགས་ཀྱིས་རྡ་སར་ཡོད་པའི་བོད་མི་རྣམས་ལ་མཆིན་ནད་དུག་ཐབས་ཁ་པ་དང་ག་པའི་ནང་གཞིའི་ཐོག་ཉམས་ཞིབ་དང་སྨན་བཅོས་བྱེད་བཞིན་ཡོད་འདུག
དེ་ཡང་ས་རཱ་མཐོ་སློབ་དང་། བོད་ཀྱི་དཔེ་མཛོད་ཁང། སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་དོན་དང་འཛིན་སྐྱོང་སྦྱོང་བརྡར་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། བོད་ཀྱི་དུས་བབ་གསར་ཁང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བང་ཆེན་གསར་ལས་ཁང་། མཉམ་ལས་ལག་ཤེས་བཟོ་གྲྭ་བཅས་ནས་ཁྱོན་མི་གྲངས་ ༨༥༠ ལ་མཆིན་ནད་དུག་ཐབས་ཁ་པ་དང་ག་པའི་ནད་གཞིའི་ཐོག་ཉམས་ཞིབ་དང་སྨན་བཅོས་བྱས་ཟིན་འདུག
ཕྱོགས་མཚུངས་ཟླ་འདིའི་ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་འབྲེལ་ཡོད་ནང་མི་རྣམས་ལ་དེ་མཚུངས་བརྟག་དཔྱད་གནང་ཡོད་འདུག ལས་འཆར་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ PRM ཞེས་པ་ཡིན་འདུག་པ་བཅས། །