ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ རེས་གཟའ་ཟླ་བའི་ཉིན་རྒྱབ་གནས་མཆོག་རྡོ་རྗེ་གདན་དུ་གཞུང་འབྲེལ་ཕྱོགས་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་བི་ཧར་མངའ་སྡེའི་གཞུང་གི་གནད་ཡོད་མི་སྣ་ཁག་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་ལས་དོན་རྣམས་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༩ རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །