ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ནས་ ༦ བར་ཉིན་ལྔའི་རིང་ལ་འཕགས་ཡུལ་ གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་ནས་གསུང་ཆོས་བཀའ་དྲིན་ཆེ་ རྒྱུ་དང་། དེ་དང་སྟབས་བསྟུན་དགེ་ལྡན་པའི་ ཆོ་འཕྲུལ་སྨོན་ལམ་འཕར་མ་ཞིག་ཀྱ ང་འཚོགས་རྒྱུ་བཅས་ཀྱི་དགེ་འདུན་ འདུས་པ་རྒྱས་འཛོམས་སར། ༸རྒྱལ་བའི་དགུང་ཀེག་དངོས་གཞི་ཐི མ་ལ་ཉེ་བའི་རྐྱེན་སེལ་ཞབས་རིམ་ དང་། བོད་མིའི་སྤྱི་མཐུན་བསོད་ནམས་ གསོག་སྤེལ། བོད་ཀྱི་བསྟན་སྲིད་རྩ་དོན་གྱི་ བདེན་མཐའ་མགྱོགས་ནས་མྱུར་དུ་ གསལ་བ་བཅས་ལ་དམིགས་ཏེ། གཞུང་འབྲེལ་མཆོད་འབུལ་བསྙེན་བཀུ ར་གནད་སྨིན་ཞིག་ཞུ་སླད། ཆོས་རིག་བཀའ་བློན་ངོ་འཁོར་གསུམ་ རྡོ་རྗེ་གདན་དུ་ཛ་དྲག་ངང་ཕྱོགས་ ཕེབས་གནང་ཡོད་པ་བཅས། །