ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ ༣༠ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུ་ལུགས་མཐུན་བགྲེལ་ཡོལ་དང་བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་གྱི་སྲི་ཞུའི་ལས་བྱེད་ལ་ལེགས་གསོའི་ཕྱག་འཁྱེར་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་འབྱིན་ཅན་འབུལ་སྲོལ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་འདི་ལོའོ་བགྲེས་ཡོལ་སྔ་བསྣུར་བ་ཀརྨ་དར་རྒྱས་ལགས་ལ་ཕྱག་འཁྱེར་ཕུལ་འདུག
དེ་ཡང་ལྡི་ལི་དོན་གཅོད་ཁྱབ་ཁོངས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་དྲུང་གཞོན་ཟུར་པ་ཀརྨ་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡༡ ནས་ལས་དོ་གནས་རིམ་དུ་བསྐོ་གཞག་གིས་ཌེ་དྲུན་བདེ་དོན་ལས་ཁང་གི་ཁ་འཐོར་མི་མང་གི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་བསྩལ་བ་དང་། ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༦ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡ ནས་ཧར་པ་སྤུར་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༡ ཚེས་ ༢༨ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༢ ནས་ནས་ལྡེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་ས་གནས་འགོ་འཛིན་དུ་གནང་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༥ ཚེས་ ༢༧ ནས་རཇ་པུར་བུད་མེད་མཉམ་ལས་བཟོ་གྲའི་བཟོ་འགོར་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༧ ནས་མན་ཌི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ནས་ལྡེ་ར་ལྡུན་འགོ་ལས་ཁུངས་ཀྱི་ཁ་འཐོར་མི་མང་གི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༦ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ཀུམ་རའོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༦ ནས་ལོ་གཉིས་རིང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲའི་འགན་འཛིན་དུ་ཞབས་གཡར། ཕྱི་ལོ་ ༢༠༡༤ཟླ་ ༡ ཚེས་ ༢༠ ནས་ས་ཊོན་ཁམས་ཀ་ཐོག་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༥ ནས་ཀུམ་རའོ་ས་གནས་འགོ་འཛིན་ཚབ་གསར་བསྐོ་གཞག་མ་བྱུང་བར་ལས་འགན་གཅིག་ལྕོག་བསྐོ་གཞག ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༥ ནས་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༣ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༨ ནས་ལྡི་ལི་དོན་གཅོད་ཁྱབ་ཁོངས་འཕགས་བོད་འབྲེལ་མཐུད་ལས་ཁང་དུ་དྲུང་གཞོན།
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༠ ནས་བོད་མིའི་སྒྲིག་འཛུགས་སྲི་ཞུའི་སྒྲིག་ཁོངས་ནས་བགྲེས་ཡོལ་སྔ་སྣུར་ཕེབས་ཡོད་པ་བཅས། །