ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༨ པའི་གྲོས་ཆོད་ཨང་ ༢༠༡༩།༡༦།༨།༥༣ དང་། ཡིག་ཆ་ཨང་ ༥༣ པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་ གཞི་དོན་ཚན་ ༡༢༠ དང་། ༡༢༡ དགོངས་དོན་བཞིན་ཚོགས་གཙོ་སྦྲེལ་ པོ་མཆོག་གིས་མང་ཚོགས་རྩིས་ཁྲའི་ ཚོགས་ཆུང་སྐབས་ ༡༠ པའི་མི་འགྲོར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་ སྒྲོལ་དཀར་ལགས་བཅས་བསྐོ་གཞག་ གནང་ཡོད་པས། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཚོགས་ཆུང་གི་ཚོ གས་མི་རྣམས་ལྷན་འཛོམས་ཀྱིས་ཚོ གས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་ བརྟན་ལགས་དང་། དྲུང་ཆེ་སྤྱི་འཐུས་གེ་བ་ཚང་ངག་ དབང་ཐར་པ་ལགས་བཅས་སུ་སྤྱི་མོས་ ཀྱིས་ཐུགས་གཏན་འཁེལ་བ་དང་།
དེ་ནས་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཚོགས་ཆུང་གི་ཚོགས་མི་རྣ