ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་༢༥ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏར་ཕྱོགས་ཕེབས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་ཛཱཡཱ་པྲ་ཀཱཤ་ན་ར་ཡན་ Jai Prakash Narayan མཆོག་གི་དབུ་ཁྲིད་འོག་ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༣༠ ནས་ ༣༡ བར་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏར་ Kolkata རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ All India Convention on Tibet ཆེས་ཐོག་མ་ཚོགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་། མཛད་སྒོའི་ཐོག་ནུབ་བྷེང་ཀལ་མངའ་སྡེའི་སྲིད་སྐྱོང་Shri. Jagdeep Shanka མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་རེད། མཛད་སྒོ་གོ་སྒྲིག་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པ་བཅས། །