ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཧོན་སུར་རབ་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧོན་སུར་རབ་རྒྱས་གླིང་ཁྱབ་ཁོངས་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་འགན་འཁུར་རྐང་བཞེས་ཐོག་ས་གནས་འགོ་འཛིན་ལས་ཁུངས་དང་ལྷོ་སྤྱི་གཉིས་ནས་རྒྱབ་གཉེར་དང་རོགས་རམ་འོག་སྔ་ལོར་མངའ་སྡེ་གཞུང་ལ་གྲོང་སྡེ་ཨེ་ནས་དགོན་པ་བར་དང་། དེ་བཞིན་གྲོང་སྡེ་ཨེཕ་བརྒྱུད་སཾ་བྷོ་ཊ་ཉིན་སློབ་བར་སྤྱི་ལེ་གཉིས་ལྷག་ཙམ་གྱི་གཞུང་ལམ་གསར་རྒྱག་སླད་ཁྱོན་འགྲོ་གྲོན་ཧིན་སྒོར་འབུམ་ཉིས་བརྒྱ་ལྷག་ཙམ་གྱི་རེ་སྐུལ་ཞུས་པའི་ཐད་དགོན་པའི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་ལགས་དང་། དགོན་པའི་ལས་སྣེ་རྣམ་པས་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་གནང་བ་ལ་བརྟེན་ནས་ད་ལམ་མངའ་སྡེའི་གཞུང་ནས་ངོ་བཞེས་གནང་སྟེ། འདི་ཟླའི་ཚེས་ ༡༡ ཉིན་ནས་ལས་གཞི་དངོས་སུ་འགོ་འཛུགས་གནང་ཡོད་པ་བཅས། །