༢༠༡༩ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྐུ་ཞབས་ཊེཌ་ཡོ་ཧོ་Ted Yoho མཆོག་དང་། མེག་ཀོལ་McCaulམཆོག ཇིམ་མེག་གྷོ་ཝན་McGovernམཆོག་བཅས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་དགོས་པ་དེ་ཇི་ཙམ་གལ་གནད་ཆེན་པོ་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་། མཐུན་སྒྲིལ། འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་ངོས་འཛིན་ཞུས་པའི་ཁྲིམས་འཆར་ངོ་སྤྲོད་གནང་འདུག
ཁྲིམས་འཆར་དེ་ངོ་སྤྲོད་ཞུ་དགོས་དོན་ནི།
༡) བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་གི་གལ་གནད་ངོས་འཛིན་ཐུབ་པ་དང་། ཨ་རི་དང་བོད་དབར་ལོ་རྒྱུས་ཐོག་མཛའ་འབྲེལ་གཏིང་ཟབ་ཡོད་པ་དེ་དག་ངོས་འཛིན་ཐུབ་པ།
༢) ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་། མཐུན་སྒྲིལ། འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་ངོས་འཛིན་དང་། ཡི་རངས་བསྔགས་བརྗོད་ཞུ་རྒྱུ།
༣) ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཟུང་འབྲེལ་གྱིས་གསར་འགོད་ལྷན་ཚོགས་སྤེལ་བའམ། ཡང་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་གྲོས་ཚོགས་འཐུས་མིའི་དབར་རྒྱལ་སྤྱིའི་རྩོད་རྙོག་དེ་དག་ཞི་བའི་ལམ་ནས་འདུམ་འགྲིག་ཇི་ལྟར་ཐུབ་པའི་ཐབས་ལམ་ཐོག་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུ་རྒྱུ། བཅས་ཡིན་འདུག །