༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པ་ཟུར་པ་དང་། རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ཨང་བཞི་པ་པདྨ་ཤྲཱི་ Padma Shree བཞེས་མྱོང་མཁན་དགུང་གྲངས་ ༩༢ ཕེབས་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར་སྔ་དྲོ་ཆུ་ཚོད་ ༢།༥༣ ཐོག་རྡ་ས་མེག་གྷན་རང་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉེ་འབྲེལ་ལྟོས་བཅས་རྣམས་ལ་ཐུགས་གསོ་གནང་དོན།
འཛམ་གླིང་ནང་བོད་ཀྱི་གསོ་བ་རིག་ པའི་ཐོག་སྙན་གྲགས་ཆེ་ཞིང་། རྒྱ་གར་གཞུང་གི་ཆེས་སྙན་གྲགས་ ཅན་གྱི་པདྨ་ཤྲཱི་ (Padma Shri) གཟེངས་རྟགས་བཞེས་མཁན་༸སྐུའི་བླ་ སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་ གནས་ཚུལ་ཤེས་རྟོགས་བྱུང་བར་བློ་ ཕམ་ཆེན་པོ་བྱུང་།
གུས་པ་དམ་པ་ཁོང་དང་ལྷན་དུ་ཐེངས་ འགའ་ཤས་མཇལ་འཕྲད་ཞུ་རྒྱུའི་གོ་ སྐབས་བྱུང་། དམ་པ་གང་ཉིད་ཀྱིས་བོད་ཀྱི་གསོ་ རིག་དར་འཕེལ་དང་སྨན་དཔྱད་ཐོག་ ནས་མི་མང་སྟོང་ཕྲག་མང་པོར་ཕན་རླ བས་གནང་བར་རྗེས་སུ་ཡི་རང་དང་ བཅས། སླར་ཡང་གང་མྱུར་སྐྱེ་བ་བཞེས་ཏེ་ སྔར་བཞིན་འགྲོ་དོན་རྒྱས་པའི་སྨོ ན་འདུན་ཞུ། ཞེས་འཁོད་འདུག