ཕྱི་ལོ་ ༢༠༡༩ ཟླ་ ༢༢ རེས་གཟའ་པ་སངས།
༄༅། །རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་རུ་རྒྱལ་ཡོངས་གསོ་བ་རིག་པའི་སློབ་གཉེར་ཁང་ National Institiute of Sowa Rigpa ཞིག་གསར་འཛུགས་གནང་གཏན་འཁེལ་འདུག
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་ལྕམ་སྐུ་ནིར་མ་ལ་སི་ཐ་ར་མན་ Nirmala Sitharaman མཆོག་གིས་རྒྱ་གར་དབུས་གཞུང་ནས་དེའི་ཐོག་བཀའ་འཁྲོལ་ཐོབ་ཡོད་པ་དང་། ཕྱོགས་མཚུངས་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་ད་ེབཞིན་རྒྱ་གར་ཨ་ཡུཤ་ལྷན་ཁང་ Ministry of AYUSH གྱི་ཁྱབ་ཁོངས་རང་སྐྱོང་སྡེ་ཚན་གྱི་ངོ་བོའི་ཐོག་ལས་དོན་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག
སྐབས་དེར་བོད་ཀྱི་བརྙན་འཕྲིན་གསར་འགོད་པས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གསུང་དོན། གཙོ་བོ་རྒྱ་གར་གྱི་ཕྱི་ལོ་ ༢༠༡༢ ནས་ ༢༠༡༧ རིང་ལོ་ལྔ་འཆར་ཅན་གྱི་ five years plan ལས་གཞི་དེའི་ནང་རྒྱ་གར་གཞུང་གི་བཀའ་བློན་ལས་ཁུངས་གིས་བཙུགས་གནང་བའི་འཆར་འགོད་ལྷན་ཚོགས་ཀྱི་ཚོགས་ཚུང་ནས། རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པ་གསར་འཛུགས་གནང་རྒྱུའི་ཐད་ཧིན་སྒོར་བྱེ་བ་བརྒྱ་ཐམ་པའི་འཆར་གཞི་ཞིག་ཕུལ་བ་ལྟར། གོང་དུ་དཔལ་འབྱོར་བློན་ཆེན་ལྕམ་སྐུ་ནིར་མ་ལ་སི་ཐ་ར་མན་མཆོག་ནས་གསལ་བསྒྲགས་གནང་བ་ལྟར། རྒྱ་གར་དབུས་གཞུང་བློན་ཆེན་ལྷན་ཚོགས་ནས་རྒྱལ་ཡོངས་གསོ་བ་རིག་པའི་སློབ་གཉེར་ཁང་གསར་འཛུགས་གནང་རྒྱུའི་ཐོག་ཧིན་སྒོར་ 47.25 Crore ཐམ་པ་བཀའ་འཁྲོལ་ཐོབ་ཡོད།
སྤྱིར་རྒྱ་གར་ཨ་ཡུཤ་ལྷན་ཁང་གིས་སྲོལ་རྒྱུན་སྨན་ལུགས་ཀྱི་སློབ་གཉེར་ཁང་སོགས་བསྟི་གནས་ཁང་གསར་འཛུགས་གནང་སྲོལ་ཡོདཔ་ལྟར་ཐེངས་འདིར་རྒྱ་གར་བྱང་ཕྱོགས་ལ་དྭགས་རྒྱལ་ས་སླེ་རུ་རྒྱལ་ཡོངས་གསོ་བ་རིག་པ་སློབ་གཉེར་ཁང་ཞིག་གསར་འཛུགས་གནང་རྒྱུའི་ཐག་གཅོད་བྱུང་བ་ཞིག་ཡིན་འདུག
གསོ་བ་རིག་པའི་སློབ་གཉེར་ཁང་དེའི་ནང་གཙོ་བོ། གསོ་བ་རིག་པའི་ཐོག་སློབ་གཉེར་བྱེད་ཡུལ་དང་། བཀའ་བཅུ་པ། སྨན་རམས་པ། གསོ་བ་རིག་པ་ལ་སོགས་ཀྱི་ཐོག་ཉམས་ཞིབ་ཚད་ལྡན་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་འདུག