ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཞག་ཐོག་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་དགོན་པ་དང། སེ་ར་སྨད་དགོན་པ། བཀྲ་ཤིས་ལྷུན་པོ་དགོན་པ་བཅས་ཀྱི་མཁན་པོ་རྣམ་པ་དང་། ཨུ་རུ་སུའི་ཀླད་པའི་ཚན་རིག་ཞིབ་འཇུག་ཁང་། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་། རུ་སོག་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱི་བར་ཨུ་རུ་སུའི་དབང་རྩའི་ཚན་རིག་པ་མཁས་དབང་དང་ནང་པའི་ཚན་རིག་དབར་ནང་པའི་སྒོམ་སྒྲུབ་ཉམས་ལེན་དང་ཐུགས་དམ་སྐོར་དེང་རབས་ཚན་རིག་པའི་དཔྱད་ཐབས་ཀྱི་ཐོག་ནས་ཟུང་འབྲེལ་ཉམས་ཞིབ་ཀྱི་ལས་གཞིའི་གན་རྒྱར་མིང་རྟགས་བཀོད་ཡོད་པ་དང་།
གན་རྒྱ་ཡི་གེའི་ནང་གསལ་བ་ལྟར་ན། ནང་པའི་སྒོམ་སྒྲུབ་ཉམས་ལེན་དང་ཐུགས་དམ་སྐོར་བརྟག་དཔྱད་ཀྱི་ཆེད་དུ་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་ཚན་རིག་བརྟག་དཔྱད་ཁང་བཙུགས་འདུག ཚན་རིག་བརྟག་དཔྱད་ཁང་ལ་དགོས་ངེས་ཀྱི་འཕྲུལ་ཆས་རྣམས་ཨུ་རུ་སུ་ནས་གནང་ཡོད་པ་བཅས། །