ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ ༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཏེ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་ 2019 Geneva Forum on China’s High-Tech Repression and Freedom of Religion ཞེས་པའི་སྟེང་མཉམ་ཞུགས་དང་། ཕྱི་ཚེས་ ༡༦ ཉིན་ཛུ་རིག་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ། དེ་རྗེས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act ཞེས་པའི་ཁྲིམས་འཆར་གཏན་འབེབས་ཡོང་སླད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིའི་ཁུལ་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་ཁེ་ན་ཌའི་ཧ་ལི་ཧྥག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་ ༡༡ པའི་ Halifax International Security Forum ཐོག་མཉམ་ཞུགས་བཅས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །