ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པ་ཟུར་པ་དང་། རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ཨང་བཞི་པ་པདྨ་ཤྲཱི་ Padma Shree བཞེས་མྱོང་མཁན་དགུང་གྲངས་ ༩༢ ཕེབས་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར་ཐོ་རངས་ཆུ་ཚོད་ ༢།༥༣ ཐོག་རྡ་ས་མེག་གྷན་རང་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དམ་པ་ཁོང་གིས་ཕྱི་ལོ་ ༡༩༦༠ ནས་ ༡༩༨༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོ
དམ་པ་ཁོང་ནི། ཕྱི་ལོ་ ༡༩༢༧ ཟླ་ ༥ ཚེས་ ༡༥ ཉིན་བོད་ལྷོ་ཁར་སྐུ་འཁྲུངས་ཤིང་དགུང་ལོ་ ༡༡ ཕེབས་སྐབས་ལྷ་ས་ལྕགས་པོ་རི་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་ཁང་དུ་སློབ་ཞུགས་ཀྱི་སློབ་གཉེར་གནང་ཡོད་པ་དང་། རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་ལོ་མང་རིང་སྤྱི་