ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ལོ་སར་དུ་གྲགས་པའི་ངྷི་ཝ་ལི་ Diwali ཞེས་པའི་མཆོད་མེའི་ཕྲེང་བ་འབུལ་བའི་དུས་ཆེན་ཉིན་མོར་བརྙན་འཕྲིན་བརྒྱུད་འཚམས་འདྲི་མཛད་དོན། དེ་རིང་དམིགས་བསལ་གྱི་ཉིན་མོ་འདིར་རྒྱ་གར་ས་ཡ་མང་པོས་ངྷི་ཝ་ལི་ཞེས་པའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་སྟབས། ངོས་རང་རྒྱ་གར་གཞུང་གི་མགྲོན་པོ་ཡུན་རིང་ཤོས་ཤིག་ཡིན་པའི་ཆ་ནས་ངོས་ཀྱང་རྣམ་པ་ཚོ་དང་ལྷན་དུས་ཆེན་ནང་མཉམ་ཞུགས་ཀྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་འཚམས་འདྲི་མཛད་འདུག །