ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །བོད་ཀྱི་ཟློས་གར་ཚོགས་པ
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དང་དགེ་ལས་སློབ་ཕྲུག་རྣམ་པ། སུད་སིར་རྟེན་གཞི་བྱས་པའི་ནོར་བཟང་ཐེབས་རྩ་ཚོགས་པའི་འགན་འཛིན་རྣམ་པ། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ཟུར་པ་རྣམས་ཀྱིས་གཙོས་དགེ་ལས་དང་ཚོགས་མི་ཟུར་པ། སེར་སྐྱ་མི་མང་དང་བཅས་པ་ལྷན་འཛོམས་ཐོག་མགོན་པོ་གང་ཉིད་མཆོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པ་བོད་ཀྱི་གར་གླུའི་རིག་རྩལ་ཁང་ནང་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བཀའ་དྲིན་ཆེ་བ་འཁོད་རྗེས།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱསབ་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གྱིས་འཚམས་འདྲི་དང་འབྲེལ་དུས་ཆེན་ངོ་སྤྲོད་ཀྱི་ལས་བསྡོམས་ལྷ་སྙན་སྒྲོན་འབུལ་ཞུས།
དེ་རྗེས་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་གཙོ་སྐྱོང་བ་ཨ་མྱེ
ཕྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་བཙན་བྱོལ་དུ་འབྱོར་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ
ཕྱོགས་མཚུངས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུའང་བོད་ཀྱི
བོད་ནང་ཆ་མཚོན་ན། རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ
དེ་བཞིན་བཙན་བྱོལ་ནང་བོད་ཀྱི་སྨན་རྩིས་ཁང་ཐོག་མར་བསྐྱར་གསོ་བྱེད་སྐབས་སྨན་པ་གཅིག་དང་སློབ་ཕྲུག་བཞི་ལས་མེད་པ་དང་། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་གིས་འཛམ་གླིང་ཡོངས་ལ་འཕྲོད་བསྟེན་ཐོག་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་འདི་མི་ཐོག་རྒན་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་དཀའ་ལས་བརྒྱབ་སྟེ་རིམ་པས་ཡར་རྒྱས་ཕྱིན་ནས་ངོ
བོད་ནང་རྒྱ་ནག་གཞུང་གིས་དགོན་སྡེ་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་ཡོད། བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་སྐུ་ལས་བསྐྱོན་ཏེ་དགོན་སྡེ་ཆེ་ཁག་མང་ཆེ་བ་སླར་གསོ་མཛད་ཐུབ་པ་འདི་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད།
ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཆགས་ཡོད་ནའང་བཙན་བྱོལ་བ་གཞན་དང་བསྡུར་བ་ཡིན་ན། མཉམ་འབྲེལ་རྒྱལ་ཚོགས་གཞིར་བཟུང་བྱས་ན་སྐྱབས་བཅོལ་བ་མི་འབོར་ས་ཡ་ ༦༠ ཙམ་ཡོད་ཟེར་གྱི་ཡོད། དེ་དག་གི་ནང་ནས་ང་ཚོ་ནི་ཉུང་ཤས་ལས་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཙོལ་སྡེ་ཚན་གྱི་སྙན་ཐོ་ནང་ས་ཡ་ ༦༠ ནང་ནས་སློབ་གྲྭ་འགྲོ་ཐུབ་མཁན་ས་ཡ་ ༧ དང་འབུམ་ ༤ ཡོད། འོན་ཀྱང་ས་ཡ་ ༤ ཐམ་པ་སློབ་གྲྭར་རྩ་བ་ཉིད་ནས་འགྲོ་ཐུབ་ཀྱི་མེད།
དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཡོངས་སྙན་ཐོ་ཞིག་གི་ནང་འཛམ་གླིང་ནང་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་ནང་སློབ་གྲྭར་འགྲོ་ཐུབ་མཁན་གྱི་ཕྲུ་གུ་གྲངས་ས་ཡ་ ༢༦༣ ཡོད་པའི་ནང་ཕྲུ་གུ་ ༥ ནས་ཕྲུ་གུ་ ༡ སློབ་གྲྭར་འགྲོ་ཐུབ་ཀྱི་མེད། རང་དབང་ཡོད་པའི་རྒྱལ་ཁབ་ཚོའི་ནང་གཞུང་གིས་ཕྲུ་གུ་ ༥ ནང་ནས་ ༡ ལ་སློབ་སྦྱོང་སྤྲོད་ཐུབ་ཀྱི་མེད། འོན་ཀྱང་ང་ཚོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཚོའི་ངོས་ནས་ཕྲུ་གུ་རྣམས་སློབ་གྲྭར་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། ཡི་གེ་འབྲི་ཀློག་ཤེས་མཁན་གྱི་་གྲངས་ཚད་དེ་བརྒྱ་ཆ་ ༩༢་་༩༤ རེད་ཟེར་གྱི་ཡོད། རྒྱ་གར་ནང་ཡི་གེ་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆ་ ༨༢ ཟེར་གྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་ཡི་གེ་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆ་དེ་ཙམ་མཐོ་བོ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་རྒྱལ་ཁབ་ ༦༥ ལྷག་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཆེ་བསྟོད་གཟེངས་རྟགས་ ༡༥༠ ལྷག་ཙམ་འབུལ་བཞེས་མཛད་ཡོད་པ་མ་ཟད། ཕྱག་དེབ་ ༡༠༠ ལྷག་ལྗགས་རྩོམ་གནང་བའི་བཀའ་དྲིན་ལ་བརྟེན་ནས་བོད་མི་སུ་འདྲ་ཞིག་ཡིན་ནའང་རྒྱལ་སྤྱིའི་སྡིངས་ཆ་དང་གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སུ་ཞིག་དང་ཐུག་པ་ཡིན་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་དབུ་ཁྲིད་ཅིག་འཛམ་གླིང་སྟེང་མེད་སྟབས། བོད་མི་རྣམས་ཧ་ལས་པའི་བསོད་ནམས་ཆེན་པོ་རེད། བོད་དོན་ཞུ་གཏུག་ལ་རྒྱབ་སྐྱོར་མུ་མཐུད་གནང་གི་ཡིན། ཞེས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་པ་འདི་ཡང་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རེད། དེར་བརྟེན་བཀའ་ཤག་ནས་སང་ཕོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ཕེབས་པ་དང་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོག
དེ་བཞིན་དགུང་ལོ་ ༩༣ ལ་ཕེབས་པའི་བསམ་ཕོ་འཇིགས་མེད་དབ
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་དང་། མཛད་སྒོ་གྲོལ་རྗེས་མགོན་པོ་གང་ཉིད་མཆོག་ Dharamkot ས་གནས་སུ་ཡོད་པའི་ Hyatt Regency ཞེས་པའི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་གི་རྒྱལ་སྒོར་དེང་ལུགས་དར་རས་གཅོད་འབྲེག་གིས་དབུ་འབྱེད་མཛད་རྗེས་དེ་སྔའི་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཇི་ཨེས་བྷ་ལི་ G.S Bali མཆོག་གི་ནང་མི་དང་ལྷན་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་པ་བཅས། །