༢༠༡༩ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་ འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
སྤྱིར་བཏང་ལས་བྱའི་སྡེ་ཚན་ཁོངས་ལས་ཁུངས་དོ་དམ་པ་ ༠༡ དང་གཞོན་དྲུང་ ༠༡ བཅས་བསྡོམས་ལས་བྱེད་གསར་བསྐོ་ ༠༢ བྱ་རྒྱུའི་དགོས་ངེས་ཆ་རྐྱེན།
ཀ༽ ལས་ཁུངས་དོ་དོམ་པའི་ས་མིག་ ༠༢ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A/B.Com/B.Sc གང་རུང་ཐོན་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༢༽ ལོ་ཚད། ༢༠༡༩།༡༠།༣༡ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
ཁ༽ གཞོན་དྲུང་ས་མིག་ ༠༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཤེས་ཚད་ཉུང་མཐར་འཛིན་རིམ་ ༡༢ ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་ འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༢༽ ལོ་ཚད། ༢༠༡༩།༡༠།༣༡ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་དང། (རྩིས་ཀྱི་ཡིག་རྒྱུགས་ཟུར་དུ་མེད་ཀྱང་བོད་ ཨིན་གཉིས་ཀྱི་དྲི་ཤོག་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འབྲེལ་བའི་སྒྲིག་གཞི་ཁག་གི་ནང་དོན་ས་བཅད་ཟུར་བཀོད་ཀྱིས་དྲི་བ་ཡོང་རྒྱུ།)བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
མཆན། རྒྱུགས་འཕྲོད་པར་བོད་ཨིན་གཉིས་སོ་སོར་ཉུང་མཐར་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས།
གོང་གསལ་ས་མིག་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་གནས་རིམ་གཅིག་ལ་མ་གཏོགས་སྙན་འབུལ་མི་ཆོག་པ་དང་། ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང་། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང་། (one passport & one stamp size)
༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། གོང་གསལ་དགོས་མཁོའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) བཅས་ཀྱི་ངོ་བཤུས།
༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་(Birth Certificate/Class-X Certificate) ལག་འཁྱེར་གྱི་ངོ་བཤུས།
༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་ རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (MC) ཁ་གསར་ སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༦༽ རང་ཉིད་གཏན་སྟོད་བྱ་ཡུལ་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༧༽ གལ་སྲིད་སྤྱི་སྒེར་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་(No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཚང་མར་འབྲེལ་ཡོད་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན། ཡང་ན། ཟུང་དྲུང་གནས་རིམ་ཡན་གྱི་ལས་བྱེད་གང་རུང་ཞིག་ནས་ཞིབ་འཇུག་གིས་དག་མཆན་མཚན་རྟགས་དང་། ལས་དམ་ངེས་པར་འཁོད(Attestation) ཏེ་འབུལ་དགོས། ༢༠༡༩ ཟླ ༡༠ ཚེས་ ༣༡ ཉིན་རྒྱབ་ཚོུད་ ༤ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་དཔར་ཨང་། གློག་འཕྲིན། (E-Mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
Mobil: 7018945877 & 9650219687
E-mail:[email protected]