ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་འབྲེལ་དྲུང་ཆེ་ཟུར་པ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལགས་ལ་ཕྱི་འབྲེལ་དྲུང་ཆེའི་ལས་འགན་རྩིས་སྤྲོད་གནང་བ་ལྟར།
ཚེ་དབང་རྒྱལ་པོ་ལགས་ནས་ཀྱང་ཕྱི་འབྲེལ་དྲུང་ཆེ་གསར་པ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ལས་ཁུར་རྩིས་བཞེས་མ་གནང་བར་དུ་ཕྱི་འབྲེལ་བར་བརྒལ་དྲུང་ཆེ་གནང་རྒྱུ་ཡིན་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་སྤྲོད་དཔང་ཐོག་དྲུང་ཆེ་ལས་ཟུར་རྣམ་གཉིས་ཀྱིས་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དེ་སྔོན་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བསྐོ་གཞག་གནང་ཡོད་པ་བཅས། །