༢༠༡༩ ཟླ་ ༡༠ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲཱག་ནང་ཞི་བདེའི་ལྷན་ཚོགས་ཐེངས་ ༢༣ Forum 2000 ཞེས་པའི་དབུ་འབྱེད་ཀྱི་མཛད་སྒོར་མགྲོན་འབོད་ལྟར་ཕེབས་པ་དང་། ལྷན་ཚོགས་དེ་ཐོག་མར་ཕྱི་ལོ་ ༡༩༩༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེ་བའི་ཡུལ་དེའི་སྲིད་འཛིན་ཟུར་པ་ཞིང་གཤེགས་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ Vaclav Havel མཆོག་གིས་དབུ་བརྙེས་པ་ཞིག་ཡིན་འདུག ཞི་བདེའི་ལྷན་ཚོགས་སྐབས་སྐུ་མགྲོན་མི་གྲངས་ ༣༠༠ ཕེབས་ཡོད་ཅིང་། གྲོང་ཁྱེར་པྲཱག་གི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་Mr Zdenek Hribམཆོག་དང་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཏ་ཝ་ཀལ་ཀར་མན་ Tawakkol Karman མཆོག ཐེ་ཝན་ཕྱི་སྲིད་བློན་ཆེན་གཞོན་པ་Dr Szu-chien Hsu སོགས་ཀྱང་ཕེབས་འདུག
སྲིད་སྐྱོང་མཆོག་ནས་འགྲོ་བ་མིའི་ཀུན་ཁྱབ་འགན་ཁུར་ཐོག་གསུང་བཤད་གནང་བ་མ་ཟད། ཀོ་རོ་ཤི་ཡའི་ཕྱི་སྲིད་བློན་ཆེན་མཆོག་དང་། རྒྱལ་མཚམས་མེད་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་མཆོག་སོགས་དང་འགྲོ་བ་མིའི་མཐར་ཐུག་ལས་འགན་སྐོར་བགྲོ་གླེང་ཞིག་ཀྱང་གནང་འདུག