གསར་ལས་ཁང་གི་གསར་འགོད་པས།

༢༠༡༩ ཟླ་ ༡༠ ཚེས་ ༥ རེས་གཟའ་སྤེན་པ།

༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ཉིན་བོད་ནས་གནས་ཚུལ་འབྱོར་བར། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན། རང་ལོ་ ༢༢ ཡིན་པ་ཁོང་རྒྱ་གཞུང་གི་ཉེན་རྟོག་པས་དགོན་པའི་ནང་ནས་བཙན་ཁྲིད་བྱས་འདུག་ལ། ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་བྱུང་མེད། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་པོ་ཤེས་རྟོགས་མ་བྱུང་ཡང་ཁོང་ངོ་ཤེས་མཁན་ཕ་ཡུལ་གྱི་མི་ཞིག་གིས་བཤད་ན་ཁོང་གིས་སྐད་འཕྲིན་བར་སྟོང་ལ་བོད་ཀྱི་སྐད་ཡིག་གི་ཉམ་ང་བའི་གནས་སྟངས་སོགས་ཀྱི་རྩོམ་ཐུང་རེ་བྲིས་ནས་བཞག་ཡོད་པ་དེས་འུ་ཡིན་ནམ་སྙམ་པ་ལས་གཞན་གང་ཡང་ཤེས་རྟོགས་མེད་ཚུལ་བརྗོད། ཁོང་ནི་ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ཕ་ཡུལ་རྔ་བ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་ཞིང་། མ་མིང་ལ་སྐལ་ཁོ་ཡིན་འདུག་པ་བཅས།

Share with your friends










Submit