ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ལས་བྱེད་འདེམས་ལྷན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༠༥ ནས་ ཟླ་ ༠༩ ཚེས་ ༡༨ བར་ཉིན་གྲངས་ ༤༥ རིང་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་གྲངས་ ༢༦ ལ་ཨིན་བོད་སྐད་ཡིག་གཙོ་འགྱུར་འཛིན་སྐྱོང་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཟབ་སྦྱོང་ཞིག་ཁ་སང་ཚེས་ ༡༨ ཉིན་མཇུག་སྒྲིལ་གནང་ཡོད། མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ནས་བླང་དོར་གྱི་གསུང་བཤད་གནང་རྗེས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་ཡོད་པ་དང། དགོང་མོ་ཟབ་སྦྱོང་བ་རྣམས་དང་། ཟབ་འཁྲིད་པ་རྣམས་ལ་གྲོལ་སྟོན་གསོལ་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་རྗེས་ཟབ་སྦྱོང་རྒྱལ་ཁའི་ངང་གྲོལ་ཡོད་འདུག
ལས་བྱེད་གསར་འདེམས་བྱུང་བ་རྣམས་ཕྱི་ཟླ་ ༡༠ ཚེས་ ༠༡ ནས་རིམ་བཞིན་ལྷན་ཁང་དང་ལས་ཁུངས་སོ་སོར་ལས་བཅར་ཞུ་རྒྱུ་དང་། ལས་བྱེད་གསར་པ་གྲངས་ ༢༦ ནས་ལས་བྱེད་གྲངས་ ༩ ཕྱོགས་མཐའི་ལས་ཁུངས་ཁག་ལ་ལས་འགན་བཀོད་སྒྲིག་གནང་ཡོད་པ་དང་། གཞན་རྣམས་དབུས་ལྷན་ཁང་ཁག་ལ་ལས་འགན་བཀོད་སྒྲིག་གནང་ཡོད་པ་བཅས།