ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་འགོ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་གདན་ཞུ་ཀྱིས་སྐུ་ཞབས་བྷལ་དེབ་སེངྒ་ཊོ་མར་ Baldev Singh Tomar, Vice Chairman, HP State Civil Supplies Corporation ལགས་དང་སྐུ་ཞབས་ཨེལ་ཨར་སྦར་མ་ L.R Verma, Sub Divisional Magistrate, Paonta Sahib ལགས། སྐུ་ཞབས་སུར་ཡ་ཀཱནྟ་ Surya Kant, Sub Divisional Officer, PWD ལགས། གཞན་ཡང་ས་གནས་ཀྱི་ལས་བྱེད་ཁག་གཅིག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་ཡོད།
སྐབས་དེར་སྐུ་ཞབས་བྷལ་དེབ་སིངྒ་ཊོ་མར་ལགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་དོན། དེ་སྔ་ནས་གཞིས་ཆགས་སུ་དཀའ་ངལ་ཡོད་པའི་གཞུང་ལམ་ཨ་མ་ནས་གཞིས་ཆགས་བར་འགྲོ་ལམ་གང་མགྱོགས་བསྐྱར་བཟོ་བྱ་རྒྱུ་དང་། ལས་གཞི་དེའི་ཐད་ཆོག་མཆན་ Tender ཐོབ་ཟིན་པ༌དང་། མ་འོངས་པར་དཀའ་ངལ་ཆེ་ཕྲ་ཅི་ཙམ་འཕྲད་ཚེ་སྐུ་ཞབས་ཁོང་གིས་མུ་མཐུད་རོགས་སྐྱོར་བྱ་རྒྱུའི་ཞལ་བཞེས་གནང༌།
དེ་ནས་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་སྦྲགས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཕྱག་རྟགས་ཕུལ་རྗེས་ས་འཐུས་ཚོགས་གཙོས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་འདུ་འཛོམས་གྲོལ་ཡོད་པ་བཅས། །