ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༣༠ ཉིན་རྒྱལ་ཁའི་ངང་ནས་གྲོལ་ཡོད་ཅིང་། དེ་ཡང་ཚོགས་འདུ་ཉིན་མཐའ་མའི་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པར་ཞུ་རྒྱུར། དེ་རིང་གྲོས་ཚོགས་ཚོགས་དུས་བརྒྱད་པ་འདིའི་ཐོག་ལ་གཞུང་འབྲེལ་གྱི་མྱ་ངན་གུས་འདུད་རྗེས་དྲན་གྱི་གྲོས་ཆོད་དགུ་ཙམ་འཇོག་ཐུབ་པ་བྱུང་འདུག དེ་བཞིན་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་གཅིག་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ བསྐོ་འཛུགས་དགོས་པའི་གཞུང་འབྲེལ་གྲོས་འཆར་བཅས་གྲོས་ཆོད་གཉིས་བཞག་འདུག གཙོ་བོ་དེ་རིང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་ལ་ཕྱིན་པ་རེད། དེ་མིན་ཁྲིམས་ཞིབ་པ་ཆེ་བ་གཅིག་དང་། ཁྲིམས་ཞིབ་པ་གཞན་གཅིག དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་འོས་འདེམས་བྱུང་བ་རེད། ཁྲིམས་བཟོའི་ལས་དོན་ཁག་དྲུག་ཙམ་དང་། ཡིག་ཆ་ཨང་ ༥༣ ཙམ་འགྲེམས་སྤེལ་ཞུས་པ་རེད།
དེ་རིང་གི་གྲོས་ཚོགས་ནང་ས་ཁང་གི་སྒྲིག་གཞིའི་སྐོར་ལ་གླེང་སློང་བྱུང་ཡོད། ས་ཁང་སྒྲིག་གཞི་དེ་བཞིན་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་འཛིན་སྐྱོང་ནས་དགོས་མཁོ་གཞིར་བཟུང་ཁྲིམས་འཆར་གཏན་འབེབས་ཟིན་པ་ཞིག་ཆགས་ཡོད། དེའི་ཐོག་ལ་འཛིན་སྐྱོང་རབ་དང་རིམ་པས་བསྐྱར་བཅོས་ཀྱི་གྲོས་འཆར་རབ་དང་རིམ་པར་སླེབས་པར་བརྟེན་བསྒྱུར་བཅོས་མང་པོ་ཞིག་བཏང་བ་རེད། ད་ལྟའང་ས་ཁང་གི་སྒྲིག་གཞི་ནང་གང་འཁོད་པ་བཞིན་ཕྱག་བསྟར་གནང་ཐུབ་མེད་པའི་རྣམ་པ་གསལ་པོ་འདུག
དེ་ལ་སླར་ཡང་བསྐྱར་ཞིབ་གནང་རྗེས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་འགྲོ་ཐུབ་ཀྱི་མེད་ཚེ་ས་གནས་ཀྱི་གནས་བབ་མི་འདྲ་མི་འདྲ་ཆགས་ཡོད། ལྷོ་ཕྱོགས་སུ་ཡོད་པའི་ས་ཆའི་གནས་བབ་དང་། བྱང་ཕྱོགས་ཀྱི་ས་ཆའི་གནས་བབ། ཕྱོགས་མཚུངས་ཡུལ་ཁྲིམས་ཀྱི་གནས་བབ་ལ་སོགས་མི་འདྲ་བ་མང་པོ་ཡོད། དེ་འདྲ་ཡིན་ཙང་ས་གནས་སོ་སོར་ལག་ལེན་བསྟར་ཐུབ་པའི་སྒྲིག་གཞི་ཞིག་བཟོ་ཐུབ་སླད་དམིགས་བསལ་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་གནང་ཐུབ་ཚེ་ཡག་པོ་ཡོད་པ་དེ་རིང་ཚོགས་གཙོས་མཇུག་སྡོམ་གཏམ་བཤད་ཐོག་ལམ་སྟོན་གྱི་ཚུལ་དུ་ཞུ་རྒྱུ་ཡིན།
དེ་ནས་ཉམ་ཐག་སྐོར་ལ་གླེང་སློང་མང་པོ་བྱུང་ཡོད། ཉམ་ཐག་མེད་པ་བཟོ་དགོས་རྒྱུ་མ་གཏོགས། ཉམ་ཐག་མང་པོ་བཟོ་རྒྱུ་དང་རྒྱུན་མཐུད་ནས་གཞག་རྒྱུ་ང་ཚོའི་སྲིད་བྱུས་མ་རེད། ད་ལྟ་བར་ཉམ་ཐག་ཚོར་གཟིགས་སྐྱོང་གནང་བའི་ཐད་འགྲིག་ཡོད་མིན་ཐོག་ཐུགས་ཞིབ་གནང་དགོས་ཀྱི་འདུག ང་ཚོས་ནང་ཤེས་འཕྲོད་གསུམ་འོག་ནས་ཉམ་ཐག་ཚོར་མཐུན་འགྱུར་གནང་བ་དེ་མི་ཚེ་གང་པོར་ཐུགས་ཕན་གསོ་བ་ཞིག་ཡོང་གི་ཡོད་པ་དང་། གཞན་ཡང་ཁོང་རྣམས་སློང་མོ་བའི་གྲལ་དུ་འཇོག་རྒྱུའི་ལམ་ཞིག་སྐྲུན་གྱི་ཡོད། དེ་འདྲ་སོང་ཙང་མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་ནུས་པ་མི་འདྲ་བ་ཞིག་ཡོད་པ་རེད། སོ་སོའི་ནུས་པ་ལ་གཞིགས་པས་མཐུན་འགྱུར་རོགས་རམ་གནང་དགོས། དེ་མིན་ཉམ་ཐག་ཡིན་པ་རྣམས་ལ་དངུལ་སྤྲོད་རྒྱུ་དེ་ཏག་ཏག་ཡིན་པ་ཞིག་མཐོང་གི་མེད།
ཕྱོགས་མཚུངས་དབང་པོ་སྐྱོན་ཅན་ལ་ཆ་བཞག་ན། དེ་ལ་གཞིགས་པའི་མཐུན་འགྱུར་གནང་དགོས། དཔེར་ན། ན་གཞོན་ལོང་བ་ལྟ་བུར་ཟུར་དུ་སློབ་སྦྱོང་སྤྲད་རྒྱུའི་མཐུན་འགྱུར་སྦྱར་ཆོག དེ་མིན་འཚོ་གནས་ཀྱི་མཐུན་འགྱུར་གནང་བའི་དོན་དངོས་ལ་ཕན་གྱི་ཡོད་མེད་ཐོག་ཐུགས་ཞིབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག
གྲོས་ཚོགས་ཚོགས་ཡུན་རིང་སྤྱི་འཐུས་རྣམ་པས་ལས་ཁུངས་རེ་རེའི་ཐོག་དགོངས་འཆར་རབ་དང་རིམ་པ་མང་པོ་གནང་སོང་། འཛིན་སྐྱོང་བཀའ་ཤག་ངོས་ནས་ཐོ་བསྐྱོན་གནང་ཡོད། དེའི་ཐོག་ཡག་སྡུག་དབྱེ་བ་མེད་པར་ཚང་མ་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་བའི་ཐོག་ནས་མ་འོངས་པར་གང་གསུངས་པ་དེ་གསལ་པོ་ཞིག་གསུང་ཐུབ་པ་ཞིག་བྱུང་ན་ཡག་པོ་འདུག ཅེས་ཞུ་འདོད་བྱུང་།
སྤྱི་འཐུས་རྣམས་ས་བགོས་ལྟར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད། ས་བགོས་ལྟར་བསྐྱོད་རྒྱུ་དེ་ཡང་སྐབས་བཅུ་གཉིས་ཀྱི་འོས་བསྡུའི་དུས་ཡུན་སྐབས་མང་ཚོགས་ནང་སྤྱི་འཐུས་རྣམས་མི་མང་གི་སྐུ་ཚབ་ཡིན་སྐོར་དང་། སྤྱི་འཐུས་དང་མི་མང་དབར་རྒྱང་ཐག་རིང་པོ་ཞིག་ལྷག་བསྡད་ཀྱི་ཡོད་སྐོར་སོགས་ཀྱི་གླེང་སློང་བྱུང་ཡོད་པར་བརྟེན། སྐབས་བཅུ་གསུམ་པའི་ཐོག་མང་ཚོགས་དང་སྤྱི་འཐུས་དབར་སེམས་ཐག་ཉེ་པོ་བཟོ་སླད་བཞུགས་མོལ་ཚོགས་འདུ་བསྐོང་ཚོགས་གནང་བའི་ཐོག་ནས་སྤྱི་འཐུས་རྣམས་ས་བགོས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་དགོས་རྒྱུ་ཆགས་ཡོད། སྤྱི་འཐུས་རྣམ་པས་ས་བགོས་དེ་བཞིན་གལ་ཆེ་དོན་ཆེར་བརྩིས་ཏེ་གཞིས་ཁག་ནང་དངོས་ཡོད་གནས་སྟངས་གང་ཡོད་པ་དེ་དག་སྙན་ཐོའི་ནང་དགོད་རྒྱུ་བཟོ་དགོས། མང་ཚོགས་ནས་གང་ཞུས་པ་རྣམས་བརྩི་སྤྲོད་ཐུབ་པ་ཞིག་བྱ་དགོས།
དེ་ནས་སེ་ནིའི་ Sidney སྐད་ཆ་རེད། ངཚོའི་སྤྱི་ཚོགས་ནང་རྙོག་གྲ་དགོས་ཀྱི་མེད། རྙོག་གྲ་ཡོད་པ་དེ་དུས་ཚོད་ཐུང་ཐུང་ནང་མེད་པ་བཟོ་དགོས་རྒྱུའི་ཐད་འབད་བརྩོན་གནང་དགོས། རྙོག་དྲ་དེ་བཞག་ཚེ་གནས་ཚུལ་ཆེ་རུ་མ་གཏོགས་ཆུང་དུ་འགྲོ་རྒྱུ་མེད་པར་བརྟེན་རྙོག་གླེང་མེད་པ་བཟོ་རྒྱུ་དང་འབྱུང་འགྱུར་རྙོག་གླེང་དེ་ལྟ་བུ་མི་ཡོང་བའི་ཐབས་ཤེས་བྱེད་དགོས། གཅིག་བྱས་ན་དེའི་ཐོག་སྤྱི་འཐུས་རྒྱུན་ལས་དང་ལྷན་དུ་གོ་བསྡུར་ཡོང་གི་རེད། དེའི་ཐོག་ཚང་མས་དགོངས་པ་བཞེས་དགོས་ཀྱི་འདུག ཅེས་ཞུ་རྒྱུ་དང་།
གཞན་ཡང་ཚོགས་དུས་ཐོག་དགོངས་འཆར་གནང་བའི་སྐབས། བོད་ཀྱི་སྐད་དང་ཡི་གེ་གལ་ཆེན་པོ་ཡིན་པ་དང་། མི་རིགས་ཀྱི་སྲོག་རྩ་ཡིན་སྐོར་གསུང་གི་ཡོད། འོན་ཀྱང་ཐེངས་འདིའི་གྲོས་ཚོགས་ནང་དེ་སྔ་དང་མི་འདྲ་བར་སྐད་བསྲེ་ལྷད་རྒྱག་མཁན་བྱུང་སོང་། ནམ་རྒྱུན་ཨིན་ཇིའི་ཚིག་དེ་འདྲ་བདེ་སྤྱོད་གཏོང་བར་ཚོགས་གཙོར་ཡར་བཀའ་འཁྲོལ་ཞུ་ཡི་ཡོད། དེ་རིང་ཞུ་མཁན་བྱུང་མ་སོང་། མ་འོངས་པར་དེའི་ཐོག་ཐུགས་གཟབ་གནང་རོགས། གལ་ཆེན་པོ་ཡིན་པ་རྣམས་ང་ཚོས་ངོས་ནས་གལ་ཆེན་པོར་འཛིན་པའི་ཐོག་ནས་ལག་བསྟར་གནང་དགོས། ཉེ་སྔོན་ལྔ་དང་ལྔ་བཅུའི་ལྷན་ཚོགས་སྐབས་སྐད་ཡིག་ཐོག་ལ་ཚོར་བ་དྲག་པོ་ཞིག་སྐྱེས་བྱུང་། ལོ་ལྔ་དང་གསུམ་ནང་ཚུད་བོད་ཀྱི་བདེན་མཐའ་གསལ་ཚེ་ཧ་ཅང་ཡག་པོ་ཡོད། གལ་ཏེ་མ་ཐུབ་ཚེ་ལོ་ ༣༠ ལྷག་བཞུགས་དགོས་ཀྱང་སྐད་ཡིག་མ་བརླག་པ་བྱེད་དགོས། སྒྲིག་འཛུགས་དང་། སྒེར། དེ་བཞིན་ཕ་མ་རྣམས་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་སླད་གང་བྱེད་དགོས་མིན་ཐད་བསམ་ཤེས་ངེས་པར་གནང་དགོས། རྩ་བའི་དེ་རིང་གི་གྲོས་ཚོགས་དེ་བཞིན་ཚོགས་གཙོའི་ལམ་སྟོན་གཞིར་བཟུར་ཚགས་ཚུད་པོ་བྱུང་བའི་ཚོར་བ་བྱུང་། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་གི་ལས་བསྡོམས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པས་ལས་དོན་གང་བྱེད་པའི་སྐོར་ལ་ཡིན། གཞན་གང་ཡང་མེད། གང་ལྟར་ཚོགས་གཙོས་ལམ་སྟོན་ཞུ་རྒྱུར། མ་འོངས་པར་དགའ་ལྡན་ཕོ་བྲང་གི་ཕྱག་ལས་གནང་ཕྱོགས་འགྲིག་ཡིན་མིན་ཐད་གླེང་སློང་མ་བྱུང་ཚེ་ཡག་པོ་འདུག
གྲོས་ཚོགས་ཀྱི་ལས་དོན་བསྒྲུབས་སླད་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་གྲོས་ཚོགས་ཚུགས་སྐབས་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཚོས་ཀྱང་སྲུང་བྱ་ཧ་ཅང་གི་དོ་ནན་པོ་གནང་སོང་། དེ་དེ་བཞིན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱི་ཕྱག་ལས་གནང་མཁན་རེད། དེ་དག་ཚང་མས་ཕྱག་ལས་ཧུར་ཐག་རྦད་ཐག་གནང་སོང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྩ་བའི་ང་ཚོ་གྲོས་ཚོགས་འདི་ཚོགས་པའི་སྐབས་ལ་ལས་ཁུངས་ཚང་མ་དང་འབྲེལ་བ་ཡོད་པ་རེད། གང་ལྟར་དངོས་སུ་དོན་སྡོད་མཁན་དང་དངོས་སུ་མ་ཐོན་ནའང་རྒྱབ་ལ་ཕྱག་ལས་གནང་སྡོད་མཁན་གྱིས་གཙོས་དངོས་ཤུགས་བརྒྱུད་གསུམ་གྱི་ལས་བྱེད་ཚང་མ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། གང་ལྟར་ཚང་མས་ཕྱག་ལས་རེ་རེ་གནང་ཡོད་པ་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པ་དེ་གྲོལ་བ་ཡིན། ཞེས་གསུངས། །