ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་དགེ་རྒན་ས་མིག་གཉིས་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།
དགོས་མཁོའི་ཆ་རྐྱེན་ཁག
༡། ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས་སློབ་ཐོན་ལག་འཁྱེར་ཡོད་པ། ཡང་ན་ TGT ལག་འཁྱེར་ཐོག་ཉུང་མཐར་ཉམས་མྱོང་ལོ་ ༡ དགོས་པ། ཡང་ན་ Diploma/Certificate course in special education དབང་པོ་ནུས་མེད་ཐོག་སློབ་ཐོན་ཟིན་པའི་ལག་འཁྱེར། ཡང་ན་མཐོ་སློབ་ཐོན་ཟིན་པའི་ལག་འཁྱེར།
༢། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༩ ཟླ་ ༣ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས་མཉམ་འབུལ་ཞུས་དགོས།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ངོ་སྤྲོད་ལག་འཁྱེར་ ID Proof ངོ་བཤུས།
༤། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པའི་ངོས་སྦྱོར་ངོ་མ།
༥། ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༦། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༧། རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཡིག་ཆ་གཞན་གྱི་ངོ་བཤུས།
མཐུན་རྐྱེན།
ཕོགས་དང་ཐོབ་ཐང་གཞན་འདི་གའི་སྒྲིག་གཞི་ལྟར་འཐོབ་རྒྱུ།
གོང་གསལ་ཡིག་ཆ་དང་སྙན་ཞུ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ ཕྱི་དྲོ་ཚོུད་ ༥།༠༠ གོང་གཤམ་གསལ་ཁ་བྱང་ཐོག་འབུལ་དགོསརྒྱུ། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། མངོན་སློབ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༦ ལ།།
༼འཚང་སྙན་འབུལ་ཡུལ།༽
Director,
Ngoenga School for Tibetan Children with Special Needs
Sahastradhara road, P.O Kulhan-248001
Distt. Dehradun, Uttarakhand, INDIA.
Email: [email protected]
www.ngoengaschool.org
Ph: (0135) 2607688/ 9902106044/9739497700