ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པ་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ ནས་ ༢༧ བར་འཚོགས་རྒྱུ་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པ་བཅས་ཀྱི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་བཅས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞུ་གཏུག་ལས་འགུལ་འགོ་ཚུགས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པས་ཉེ་ཆར་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གཏོར་བཤིག་བཏང་བ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཏན་འཇགས་ཚོགས་མི་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་ལས་བྱེད་རྣམས་ལ་ཞུ་གཏུག་གནང་བ་དང་། དེ་བཞིན་དོན་ཚན་བཅུ་ཅན་གྱི་ཞུ་གཏུག་ཡི་གེ་རྒྱ་ནག་ལ་གནང་ཡོད། སྐུ་ཚབ་རྣམ་པ་འཚོགས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པར་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས། །